དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དཔལ་འབྱོར་གྱི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་དགོས།

    ——ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུའི་སྐོར་གླེང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |     སྤེལ་དུས།  2023-12-19

    ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་ནི་དཔལ་འབྱོར་གྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་རེད་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྡོག་མེད་ཀྱི་བླང་བྱའང་རེད། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུར། དཔལ་འབྱོར་གྱི་དུས་བབ་ལ་ཏང་ཀྲུང་དབྱང་གིས་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པ་དེར་གོ་བ་གཏིང་ཟབ་བླངས་ནས་དཔལ་འབྱོར་གྱི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་དགོས་ཞེས་བསྟན་ཡོད་ལ། “ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས”པའི་ནན་བཤད་བྱས་ཡོད།

    ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྩ་བའི་ཁ་ཕྱོགས་དང་། མདུན་ལམ་དང་ལས་དབང་། མཐར་ཐུག་གི་རྒྱལ་ཕམ་བཅས་དང་ཐད་ཀར་འབྲེལ་བ་ཡོད། ད་ལོ་ཚུན་དུ། འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ལ་ཕྱོགས་ནས། ཀྲུང་གོའི་དཔལ་འབྱོར་གྱིས་གནོན་ཤུགས་ཐེག་ནས་གཞི་ཁྱོན་བརྟན་པོ་བྱུང་བ་དང་སྤུས་ཚད་མཐོ་རུ་ཕྱིན་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པར་གོམ་སྟབས་བརྟན་པོ་སྤོས་ཡོད་པ་ལས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་བབ་ལ་བརྡར་ཤ་བཅད་པ་དང་འབྲེལ་ཡོད་འཐབ་ཇུས་ཀྱི་ཡང་དག་པའི་རང་བཞིན་དང་སྔོན་དཔག་གི་རང་བཞིན་ར་སྤྲོད་གང་ལེགས་ཐུབ་ཡོད་ལ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་ཀྱི་རང་བཞིན་ལྡན་པའི་དོན་སྙིང་ཡང་གང་ལེགས་མངོན་ཡོད། མིག་སྔར། རང་རྒྱལ་གྱི་དཔལ་འབྱོར་སླར་གསོ་སྔར་བཞིན་འགག་རྩའི་དུས་མཚམས་སུ་གནས་ཡོད་པས། དཔལ་འབྱོར་ཡང་བསྐྱར་ལེགས་སུ་འཕེལ་བར་སྔར་བས་སྐུལ་འདེད་གཏོང་བར་དཀའ་ངལ་དང་འགྲན་སློང་ཁག་གཅིག་ཁྱད་བསད་བྱེད་དགོས། ལས་འགན་ཇི་ཙམ་དཀའ་ཚེགས་ཆེ་བ་དང་འགྲན་སློང་ཇི་ཙམ་ཆེ་ན། དེ་ཙམ་གྱིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ཀྱི་ལྟེ་བའི་ནུས་པ་འདོན་དགོས་ལ། ཏང་གི་དར་ཆའི་འོག་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་ཏེ། བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ཤུགས་ཕྱོགས་གཅིག་ཏུ་རྒྱག་པའི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་པར་བྱེད་པ་དང་། གདེང་ཚོད་བརྟན་པོ་དང་གསར་འབྱེད་ཡར་བརྩོན་བྱས་ཏེ་ལྷ་ཤིང་ཤུག་པ་བྲག་ལ་ཚུགས་པ་ལྟར་གྱི་ངར་ཤུགས་ལ་བརྟེན་ནས་གཏན་ལ་འཁེལ་བའི་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་བརྗིད་ཆེའི་འཆར་གཞི་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བ་དང་། དཔལ་འབྱོར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་ཡོང་བའི་འགག་རྩ་དོན་འཁྱོལ་ལ་དམ་འཛིན་དང་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་རང་འགན་ཐེག་པ་འཁུར་ལེན་བྱེད་པར་རག་ལུས་ཡོད།

    བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུར་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ནས་དཔལ་འབྱོར་གྱི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ་དང་། དགེ་མཚན་ལྡན་པའི་གོ་སྐབས་ཚང་མར་དམ་འཛིན་བྱེད་པ། མཐུན་རྐྱེན་ཚང་མ་སྤྱོད་པ་བཅས་བྱེད་དགོས་ལ། དམ་འཛིན་གྱི་ངར་ཤུགས་དང་། དམ་འཛིན་བྱེད་ཕོད་པའི་ཤེད་ཤུགས། དམ་འཛིན་བྱེད་མཁས་པའི་ཐབས་བཟང་། རྒྱུན་དུ་དམ་འཛིན་བྱེད་པའི་སེམས་ཤུགས་བཅས་ནས་སང་ལོའི་དཔལ་འབྱོར་ལས་དོན་གྱི་གཙོ་གནད་ལས་འགན་དོན་འཁྱོལ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། དོན་འཁྱོལ་ལ་དམ་འཛིན་བྱེད་པ་ནི་ཏང་གི་ཆབ་སྲིད་ཀྱི་ལམ་ཕྱོགས་དང་། བསམ་བློའི་ལམ་ཕྱོགས། མང་ཚོགས་ཀྱི་ལམ་ཕྱོགས་བཅས་ཀྱི་རྩ་བའི་བླང་བྱ་ཡིན་ལ། འགོ་ཁྲིད་ལས་བྱེད་པའི་ཏང་གཤིས་དང་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བར་ཚད་འཇལ་བའི་མཚོན་རྟགས་གལ་ཆེན་ཡང་རེད་ཅེས་ནན་པོས་གསུངས་ཡོད། ཆད་ལུས་མེད་པར་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་ན། “རྒྱལ་ཁབ་ཀྱི་དོན་ཆེན”ལ་གོ་བ་གཏིང་ཟབ་བླངས་ནས་ལག་བསྟར་ཐད་ཁ་ཕྱོགས་མི་འཛོལ་བ་དང་། བབ་བསྟུན་མི་བྱེད་པ། ཕྱི་ཚུལ་ཙམ་མི་བྱེད་པ་བཅས་ཀྱིས་མཐའ་མའི་གྲུབ་འབྲས་ཏང་ཀྲུང་དབྱང་གི་ཐབས་ཇུས་དགོངས་པ་དང་འཚམ་པའི་འགན་ལེན་བྱེད་དགོས། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་སྒོ་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་ན། འཕྲལ་མར་སྒྲུབ་པའི་འདུ་ཤེས་ཡོད་དགོས་པ་མ་ཟད། དུས་ཚོད་དང་ཕན་འབྲས་ལ་སྤྱི་འདོམས་སྟངས་འཛིན་དང་ཕན་འབྲས་བཟང་ཤོས་ཐོན་པར་བརྩོན་ལེན་བྱེད་དགོས་ལ། གནད་ལ་འཁེལ་ན་དམ་འཛིན་དང་མང་ཙམ་སྒྲུབ་ཐུབ་ན་མང་ཙམ་སྒྲུབ་དགོས། ལས་དོན་སྒྲུབ་མཁས་པའི་སྒོ་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་ན། མི་བཀོལ་སྤྱོད་ཀྱི་སྟོན་ཕྱོགས་ཡང་དག་མཐའ་འཁྱོངས་དང་སྲིད་ཚོང་དབར་གྱི་ཉེ་གཙང་འབྲེལ་བ་གསར་པར་སྟངས་འཛིན་ཡང་དག་བྱས་ཏེ། རིམ་ཁག་འགོ་ཁྲིད་ལས་བྱེད་པས་བློ་བདེ་བག་ཕེབས་ངང་ལས་སྒྲུབ་ལས་གཏོད་ཐུབ་པར་བྱས་ཏེ་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཧུར་བརྩོན་གྱི་རང་བཞིན་དང་། རང་འགུལ་གྱི་རང་བཞིན། གསར་གཏོད་ཀྱི་རང་བཞིན་བཅས་གང་ལེགས་འདོན་དགོས། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་འབྲེལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་སུ་འགྱུར་བར་བྱེད་དགོས།

    མིག་སྔར་རང་རྒྱལ་གྱི་འཕེལ་རྒྱས་ལ་འཕྲད་པའི་འགལ་རྐྱེན་ལས་མཐུན་རྐྱེན་ཆེ་བས། དཔལ་འབྱོར་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བ་དང་ཡུན་རིང་ལེགས་པའི་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་ལྡོག་ཕྱིན་མེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར། འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས། “དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། དངོས་འཛིན་དངོས་སྒྲུབ་དང་། དཀའ་སྤྱད་འབད་འཐབ། སེམས་ནུས་གཅིག་སྒྲིལ། ཞུམ་མེད་འབད་འཐབ་བཅས་བྱས་ཚེ། ང་ཚོས་དཔལ་འབྱོར་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བ་དང་ལེགས་པའི་དུས་བབ་སྲ་བརྟན་དང་ཆེ་རུ་གཏོང་ཐུབ་པ་དང་ཀྲུང་གོའི་དཔལ་འབྱོར་གྱི་གྲུ་གཟིངས་ཆེན་པོ་མུ་མཐུད་རླུང་བརྟེན་རླབས་གཤགས་མདུན་སྐྱོད་ལ་སྐུལ་མ་ཐེབས་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྒྱང་ལམ་གསར་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་ཐུབ་ངེས་དང་དུས་རབས་ཀྱི་འོད་སྟོང་གསར་པ་གཏོད་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།