དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ནུས་སེམས་གཅིག་སྒྲིལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ།

    ——རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-19

    ཟླ་12ཚེས་11ཉིན་དང་ཚེས་12ཉིན་འཚོགས་པའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུར་སང་ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ནས“བརྟན་ཐོག་ཡར་འཕེལ་དང་། ཡར་འཕེལ་བརྟན་སྐུལ། སྔོན་འཛུགས་རྗེས་གཏོར་བཅས་མཐའ་འཁྱོངས”བྱེད་དགོས་པའི་ནན་བཤད་བྱས་ཏེ་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་པར་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད། རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ལྟེ་བའི་ལས་དོན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་ཡིན་པའི་དཔལ་འབྱོར་འཛུགས་སྐྲུན་ལ་དམིགས་ཏེ་དངོས་འཛིན་དངོས་སྒྲུབ་དང་རྩ་བརྟན་གསར་དར་གྱིས་དཔལ་འབྱོར་ལས་དོན་གྱི་གཙོ་གནད་ལས་འགན་དོན་འཁྱོལ་ཐུབ་པར་བྱས་ཏེ་ནུས་སེམས་གཅིག་སྒྲིལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་དགོས་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུར་རྒྱལ་ནང་གི་དགོས་མཁོ་རྒྱ་ཆེར་གཏོང་དགོས་ཤིང་། མངོན་མེད་སྟོབས་ཤུགས་ལྡན་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་ཕན་འབྲས་ལྡན་པའི་མ་འཇོག་བྱེད་རྒྱ་ཆེ་རུ་བཏང་ནས་འཛད་སྤྱོད་དང་མ་འཇོག་ཕན་ཚུན་སྐུལ་འདེད་གཏོང་བའི་འཁོར་རྒྱུག་བཟང་པོ་ཞིག་ཆགས་པར་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།

    དེའི་ཐད་རང་སྐྱོང་ལྗོངས་ཚོང་དོན་ཐིང་ཏང་ཙུའུ་ཡི་ཁོངས་མི་དང་ཐིང་ཀྲང་གཞོན་པ་ཧྲི་ཁྲེང་ཧྭ་ཡིས་འདི་ལོ་ནས་བཟུང་རང་ལྗོངས་ཀྱིས་འཛད་སྤྱོད་སྲིད་ཇུས་སླར་གསོ་དང་རྒྱ་ཆེར་གཏོང་བའི་བྱ་ཐབས་རབ་དང་རིམ་པའི་ནུས་པ་ཐོན་པའི་འོག་སྤྱི་ཚོགས་འཛད་རྫས་སིལ་ཚོང་དངུལ་འབོར་འཕར་ཚད་སྔོན་དཔག་ལས་མངོན་གསལ་དོད་པོས་ལེགས་པ་ཡོད་པ་དང་ཟླ་དང་པོ་ནས་བཅུ་པའི་བར་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་15.7གྱིས་མཐོ་བ་ཡོད་པ་དང་22.6%ཟིན་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། སང་ལོར་རང་ལྗོངས་ཀྱི་རིམ་ཁག་ཚོང་དོན་སྡེ་ཚན་གྱིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་ལྟར་བྱ་ཐབས་སྣ་ཚོགས་སྤྱད་དེ་འཛད་སྤྱོད་རྒྱུན་མཐུད་རྒྱ་ཆེར་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བཤད་པ་རེད།

    ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུར། གནད་ལ་འཁེལ་ན་དམ་འཛིན་དང་མང་ཙམ་སྒྲུབ་ཐུབ་ན་མང་ཙམ་སྒྲུབ་པ་དང་། རང་ཉིད་ཀྱི་ལས་ཀའི་གཏན་འཁེལ་རང་བཞིན་ལ་བརྟེན་ནས་དུས་བབ་འགྱུར་ལྡོག་གི་ངེས་མེད་རང་བཞིན་ལ་ཁ་གཏད་འཇལ་བར་འབད་བརྩོན་བྱེད་དགོས་ཞེས་བསྟན་ཡོད།

    མངའ་རིས་ས་ཁུལ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཀུང་ཁྲང་ཕིང་གིས། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་སང་ལོའི་དཔལ་འབྱོར་གྱི་ལས་དོན་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱེད་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བར་འབད་འབུངས་ཡར་བརྩོན་གྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། “གོམ་སྟབས་རྗེས་མར་མངའ་རིས་ས་ཁུལ་འཕེལ་སྒྱུར་ཨུ་ལྷན་གྱིས་མངའ་རིས་ས་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་ནས་དཀའ་ངལ་དང་འགྲན་སློང་ཁྱད་དུ་ཧུར་ཐག་བསད་དེ་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུར་གཏན་འཁེལ་བྱས་པའི་གཙོ་གནད་ལས་འགན་9ལ་དམིགས་ནས་མངའ་རིས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྔར་བས་སྐུལ་འདེད་བཏང་སྟེ། རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ་དང་། དམངས་འཚོའི་ཁྱབ་ཁོངས་ལེགས་སུ་གཏོང་བ། ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བ་སོགས་ལ་ཤུགས་བརྒྱབ་ནས་གོ་སྐབས་ལ་དམ་འཛིན་དང་སྙིང་སྟོབས་རབ་འཕེལ་གྱིས་མངའ་རིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས”ཞེས་བཤད་པ་རེད།

    ནག་ཆུ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་གཞོན་པ་ཝེ་ཅའོ་ཡིས་དུས་རབས་གསར་པར་དཔལ་འབྱོར་གྱི་ལས་དོན་ཡག་པོ་སྒྲུབ་པའི“ངེས་པར་དུ་སྒྲུབ་དགོས་པ་ལྔའི”ཆོས་ཉིད་རང་བཞིན་ལ་ངོས་འཛིན་ཟབ་ཏུ་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་དུ་ནག་ཆུའི་འཕེལ་རྒྱས་ཀྱི་ངེས་གནས་དང་ཁ་ཕྱོགས་འཕྱུགས་མེད་བཙལ་ཏེ། “དཔེ་སྟོན་གྲོང་ཁྱེར་བཞིའི”འཛུགས་སྐྲུན་ལ་དམིགས་ནས“ལས་སྟེགས་གཅིག་དང་རྣམ་གྲངས་ཆེན་པོ་ལྔ”སྣེ་ཁྲིད་དུ་བྱས་ཏེ་ནང་མཁོ་རྒྱ་ཆེར་གཏོང་བ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཟབ་ཏུ་གཏོང་བར་སྤྱི་འདོམས་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་སྤྱི་འདོམས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྤྱི་འདོམས། དཔལ་འབྱོར་གྱི་གསོན་ཤུགས་ཆེ་རུ་གཏོང་བ་དང་། ཉེན་ཁ་སྔོན་འགོག སྤྱི་ཚོགས་ཀྱི་སྔོན་དཔག་ལེགས་སུ་གཏོང་བ། དཔལ་འབྱོར་ཡང་བསྐྱར་ལེགས་སུ་འཕེལ་བ་དང་ཡུན་རིང་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་སྲ་བརྟན་དང་ཤུགས་ཆེར་གཏོང་བ། དམངས་འཚོའི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་བརྟན་ལྷིང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྤུས་ཚད་མཐོ་བ་དང་། ཕན་འབྲས་ལེགས་པ། གྲུབ་ཚུལ་ལེགས་པ། དགེ་མཚན་གང་ལེགས་ཐོན་པ་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་ཧུར་ཐག་སྐྱོད་པ་དང་། དཔལ་འབྱོར་གྱི་སྤུས་ཚད་ལེགས་སུ་ནུས་ལྡན་དང་འབོར་ཚད་ལུགས་མཐུན་ངང་འཕར་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ནག་ཆུའི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།