དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 《གཞིས་རྩེ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྲོལ་ཡིག》བཀྲམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-12-18

    གསར་འགོད་པས《གཞིས་རྩེ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྲོལ་ཡིག》བཀྲམ་ནས་ལག་བསྟར་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། 《གཞིས་རྩེ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྲོལ་ཡིག》2024ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།

    《གཞིས་རྩེ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྲོལ་ཡིག》ལ་ཁྱོན་དོན་ཚན་29ཡོད་པ་དང་། གཙོ་བོ་སྲིད་གཞུང་སྡེ་ཚན་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ་དང་དེ་བཞིན་རྩ་འཛུགས་གཞན་དག་བཅས་ཀྱི་འབྲེལ་ཡོད་འགན་འཁྲི་ཁ་གསལ་བཟོས་པ་དང་། སྤྱི་པའི་སྒྲིག་ལམ་སྲུང་སྐྱོང་དང་། ཡ་རབས་ཕྱིར་སྐྱོད། ཤེས་དཔལ་སྡེ་ཁུལ་འཛུགས་སྐྲུན། ཤེས་དཔལ་གྲོང་གསེབ་དང་ཤེས་དཔལ་ཡུལ་སྐོར་འཛུགས་སྐྲུན་སོགས་བྱ་སྤྱོད་ཀྱི་གཏན་འབེབས་ཁ་གསལ་བཟོས་པ། ཤེས་དཔལ་སྐྱོན་བྲལ་དང་ལྗང་མདོག་གི་ཁོར་ཡུག་སྲུང་སྐྱོང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ། སྤྱི་དམངས་ཀྱིས་ཡ་རབས་ངང་དྲ་བ་སྤྱོད་པ་དང་། ཁྱིམ་ཚང་སློབ་གསོའི་ཁྱིམ་སྲོལ་སྐྱེད་སྲིང་དང་རྒྱུན་འཛིན་བཅས་ཀྱི་གཏན་འབེབས་ཁ་གསལ་བཟོས་པ་དང་འབྲེལ་ལྟ་སྐུལ་ཞིབ་བཤེར་དང་། ཐེར་འདོན་གོང་ཞུ། བཅའ་ཁྲིམས་ཀྱི་འགན་འཁྲི་སོགས་གཏན་འབེབས་བྱས་པ་རེད།

    གཞིས་རྩེ་གྲོང་ཁྱེར་ཤེས་དཔལ་གྲོང་གཏོད་གཞུང་ལས་ཁང་གི་འགན་འཁུར་བ་ལིའུ་ལི་དབྱིང་གིས། 《གཞིས་རྩེ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྲོལ་ཡིག》བཀྲམ་པའི་དམིགས་ཡུལ་ནི། ཤེས་དཔལ་བྱ་སྤྱོད་ལ་སྔར་བས་ཁྲིད་སྟོན་དང་སྐུལ་འདེད་བཏང་ནས་སྤྱི་དམངས་ཀྱི་ཤེས་དཔལ་བྱང་ཚད་མཐོ་རུ་གཏོང་བ་དང་སྤྱི་ཚོགས་ཀྱི་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་བཏང་སྟེ་གཞིས་རྩེ་གྲོང་ཁྱེར་གྱི་ཤེས་དཔལ་གྲོང་གཏོད་ལས་དོན་ལ་ལམ་ལུགས་ནས་འདེགས་སྐྱོར་ནུས་ལྡན་ཡོང་བ་བྱེད་རྒྱུ་དེ་རེད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།