འཚོ་བཅུད་གསབ་དྲགས་ན་གཟུགས་པོར་གནོད་ཀྱི་ཡོད་དམ། འཚོ་བཅུད་རིགས་གཅིག་མཁས་ཅན་གྱིས་འདི་ལྟར་གསུངས་འདུག
དགུན་དུས་ཉི་འོད་འོག་དང་ཕྱི་རོལ་དུ་བྱེད་སྒོ་སྤེལ་བའི་དུས་ཚོད་ཉུང་དུ་འགྲོ་བས་མིའི་གཟུགས་པོར་འཚོ་བཅུད་Dའདང་གི་མེད། དེར་བརྟེན་མི་མང་པོ་ཞིག་གིས་འཚོ་བཅུད་གསབ་པའི་སྨན་ཟ་གི་ཡོད། འཚོ་བཅུད་ཇི་ལྟར་གསབ་དགོས་སམ། འཚོ་བཅུད་ཇི་ཙམ་མང་བ་གསབ་ན་དེ་ཙམ་གྱིས་ཕན་པ་ཡོད་དམ།
རིགས་གཅིག་མཁས་ཅན་གྱིས་གསུངས་དོན།
“ག་ཚོད་ཀྱིས་མང་བ་བཟས་ན་དེ་ཙམ་གྱིས་ཡག་པ་ཡོད”ཅེས་པའི་ངོས་འཛིན་ཡང་མི་དག་པར་འགྱུར་ལྡོག་གཏོང་དགོས།
ཚིལ་ཞུ་རང་བཞིན་གྱི་འཚོ་བཅུད་ཁག་གཅིག་ཟས་དྲགས་ན་དོས་དྲག་གམ་ཡང་ན་དལ་བའི་རང་བཞིན་གྱི་དུག་ཕོག་སྲིད།
དཔེར་ན། དུས་ཡུན་རིང་པོ་འཚོ་བཅུད་Aདང་འཚོ་བཅུད་Dམང་པོ་བཟས་ཚེ། མཆིན་པ་མི་བདེ་བ་དང་ལུས་ཟུངས་ཉམས་པ་དང་། རུས་ཚིགས་ན་བ། ཉོབ་མདངས་སྐྱེ་བ་སོགས་ཀྱི་ནད་རྟགས་ཐོན་སྲིད།
འཚོ་བཅུད་Dབཟས་དྲགས་ན་ད་དུང་ཁྲག་ཀལ་འཕར་ནས་ཐ་ན་དབང་པོ་ཁག་གཅིག་ཀལ་འགྱུར་ཐོན་སྲིད།
ཞུ་བའི་རང་བཞིན་གྱི་འཚོ་བཅུད་ཁག་གཅིག་བཟས་དྲགས་ན་ཡང་གཟུགས་པོར་མི་འཕྲོད་པའི་གནས་ཚུལ་ཐོན་སྲིད།
དཔེར་ན། འཚོ་བཅུད་Cབཟས་དྲགས་ན་གྲོད་པ་བཤལ་སྲིད། གལ་ཏེ་ཉིན་རེར་ཧའོ་ཁེ་500ལས་བརྒལ་ཚེ་མཁལ་རྡོའི་ཉེན་ཁ་ཆེ་རུ་འགྲོ་གི་ཡོད།