དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འབོ་གསེར་རྒྱལ་ཁབ་ཀྱི་བུད་མེད་ཀྱི་གསར་གཏོད་འགྲན་བསྡུར་ཆེ་མོའི“མུའུ་ལན་བྱ་དགའ”ཐོབ་མཁན་གྱིས་བརྗོད་དོན།

    འབོ་གསེར་མཉམ་ལས་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-12-17

    2020ལོའི་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅུ་གཉིས་པའི་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཀྱི་བུད་མེད་ལ་བཟོ་ཚོང་མནའ་འབྲེལ་གྱི་སྒྲོམ་གཞིའི་ནང་འབོ་གསེར་རྒྱལ་ཁབ་ཀྱི་བུད་མེད་ཀྱི་གསར་གཏོད་འགྲན་བསྡུར་ཆེ་མོ་གཉེར་རྒྱུའི་གྲོས་འགོ་བཏོན་གནང་ཞིང་དེའི་དམིགས་ཡུལ་ནི་འབོ་གསེར་རྒྱལ་ཁབ་ཀྱི་བུད་མེད་ཚོའི་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ཏེ་གསར་གཏོད་འཕེལ་རྒྱས་ཡོང་ཆེད་རེད། 2021ལོ་ནས་བཟུང་། ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ལྷན་དང་ཀྲུང་གོ་རྒྱལ་སྤྱིའི་ཚོང་ཚོགས་ཀྱིས་འབོ་གསེར་རྒྱལ་ཁབ་ཀྱི་བུད་མེད་བཟོ་ཚོང་མནའ་འབྲེལ་གྱི་ཀྲུང་གོ་ཕྱོགས་ཀྱི་ལས་འཛིན་ལྷན་ཚོགས་ཀྱིས་འབོ་གསེར་རྒྱལ་ཁབ་ཀྱི་བུད་མེད་ཀྱི་གསར་གཏོད་འགྲན་བསྡུར་ཆེ་མོ་སྐབས་གཉིས་བསྟུད་མར་གཙོ་གཉེར་བྱེད་པར་མཛུབ་ཁྲིད་བྱས་ཤིང་། བུད་མེད་ཀྱིས་གཙོ་ཁྲིད་བྱས་པའི་གསར་གཏོད་ལས་གཏོད་ཀྱི་རྣམ་གྲངས་རེ་རེ་བཞིན་འབུར་དུ་ཐོན་ནས་འབོ་གསེར་རྒྱལ་ཁབ་ཀྱི་བུད་མེད་ཀྱི་གསར་གཏོད་འགྲན་བསྡུར་ཆེ་མོའི“མུའུ་ལན་བྱ་དགའ”ཐོབ་ཡོད།

    ཉིན་ཤས་གོང་། འབོ་གསེར་རྒྱལ་ཁབ་ཀྱི་བུད་མེད་ཀྱི་གསར་གཏོད་འགྲན་བསྡུར་ཆེ་མོའི“མུའུ་ལན་བྱ་དགའ”དང་འབྲེལ་ཡོད་བྱ་དགའ་ཐོབ་མཁན་ཚོས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རིང་བུད་མེད་ཀྱི་ནུས་པ་འདོན་རྒྱུར་མཐོང་ཆེན་བྱེད་པ་དང་འབྲེལ། བྱེད་ཐབས་རབ་དང་རིམ་པར་བརྟེན་ནས་འབོ་གསེར་རྒྱལ་ཁབ་ཀྱི་བུད་མེད་དེ་བས་མང་བས་གསར་གཏོད་ལས་གཏོད་བྱེད་པར་ལྕག་སྐུལ་བྱས་ཏེ་ཁོང་ཚོས་འབོ་གསེར་རྒྱལ་ཁབ་ཀྱི་ཐུན་མོང་འཕེལ་རྒྱས་ཆེད་སྒུལ་ཤུགས་དེ་བས་མང་བ་སྣོན་རོགས་བྱས་ཡོད་ཅེས་བརྗོད།

    “འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བུད་མེད་ཀྱི་སྣེ་ཁྲིད་ནས‘ཁོང་ཚོའི་སྟོབས་ཤུགས’མངོན་པར་བྱས་པ”

    “གྲངས་ཉུང་གི་བུད་མེད་ལས་གཉེར་མཁན་ཞིག་ཡིན་པའི་ངོས་ནས་ངས་ཚན་རྩལ་ལས་རིགས་ནི‘སྐྱེས་པའི་རོལ་རྩེད་ཁང’ཁོ་ན་ཞིག་མིན་པ་ར་སྤྲོད་བྱེད་ཀྱི་ཡིན”ལྷོ་ཨ་ཧྥེ་རི་ཁའི“བུད་མེད་ལ་ཚན་རྩལ་ལོངས་སྤྱོད་བྱེད་དབང་ཡོད་པའི”ཐེབས་རྩ་ལྷན་ཚོགས་ཀྱི་གསར་གཏོད་པ་ནོར་པུའུ་ཧོ་ཞི·ཏེ་ལཱ་སྨི་ཉིར་2021ལོར་འབོ་གསེར་རྒྱལ་ཁབ་ཀྱི་བུད་མེད་ཀྱི་གསར་གཏོད་འགྲན་བསྡུར་ཆེ་མོ་སྐབས་དང་པོའི“མུའུ་ལན་བྱ་དགའ”ཐོབ་ཅིང་། ཁོང་གིས་ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མཐུན་སྒྲིལ་མཉམ་ལས་ཀྱི་ལས་སྟེགས་གལ་ཆེན་ཡིན་པའི་འབོ་གསེར་མཉམ་ལས་ལ་བརྟེན་ནས། གསར་གཏོད་འགྲན་བསྡུར་ནང་བུད་མེད་ཞུགས་རྒྱུར་ལྕག་སྐུལ་བྱས་ཡོད། “འདི་ནི་ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བུད་མེད་ཚོའི་སྣེ་ཁྲིད་དེ‘ཁོང་ཚོའི་སྟོབས་ཤུགས’མངོན་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན་པས་འབོ་གསེར་རྒྱལ་ཁབ་ཀྱི་བུད་མེད་ཚོའི་དགའ་བསུ་ཆེན་པོ་ཐོབ་ཡོད”ཅེས་བརྗོད།

    2017ལོར་ཏེ་ལཱ་སྨི་ཉིར་ཐོག་མར་བཙུགས་པའི་ཁེ་ལས“པཱ་ཧཱ་ཐི”ཚན་རྩལ་ཀུང་སིས་གྲངས་གཞི་སྲུང་སྐྱོང་དང་དྲ་རྒྱའི་བདེ་འཇགས་ཞབས་ཞུ་དང་ལག་རྩལ་ལ་རྩེ་གཅིག་ཏུ་གཞོལ་ཞིང་། ཁོང་གིས“ངས་དེ་སྔ་ལྷོ་ཨ་ཧྥེ་རི་ཁའི་ཁེ་ཕུའུ་ཏུན་སློབ་ཆེན་དུ་རྩིས་འཁོར་ཚན་རིག་སློབ་གཉེར་བྱས་པ་དང་། སློབ་མཐར་ཕྱིན་རྗེས་རྒྱལ་སྒྲོལ་ཀུང་སི་མང་པོར་ལས་ཀ་བྱས་ནས། ཁེ་ལས་ཀྱི་མཉེན་ཆས་མ་ལག་འཛུགས་པ་དང་བདེ་འཇགས་དཔྱད་དཔོག་གི་ལས་ལ་གཞོལ་བ་དང་ཆབས་ཅིག གྲངས་གཞི་འབོར་ཆེན་ཉར་ཚགས་དང་སྤོ་སྒྱུར་སོགས་ཀྱི་འབྲེལ་ཡོད་ལས་འགན་ཡང་འཁུར་མྱོང་ཡོད། ངའི་ལས་རིགས་གཅིག་པའི་ཁྲོད་མང་ཆེ་བ་སྐྱེས་པ་ཡིན་མོད། འོན་ཀྱང་ངས་ཁྱབ་ཁོངས་འདིའི་ལས་དོན་ཁྲོད་བུད་མེད་ལ་འགོག་རྐྱེན་ཅི་ཡང་མེད་སྙམ་གྱི་འདུག གལ་ཏེ་བུད་མེད་ཚོར་ཆུང་དུས་ནས་སློབ་སྦྱོང་གི་གོ་སྐབས་དེ་བས་མང་བ་ཐོབ་ཚེ་ཁོང་ཚོ་ཆེན་པོ་ཆགས་རྗེས་ཚན་རྩལ་གསར་གཏོད་ནང་ཞུགས་ཐུབ་ངེས་རེད”ཅེས་བརྗོད།

    འདི་ལོའི་ཟླ་བརྒྱད་པར་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅོ་ལྔ་པ་ལྷོ་ཨ་ཧྥེ་རི་ཁའི་གཡོད་ཧན་ནེ་སི་པའོ་རུ་བྱས་ཤིང་། ཏེ་ལཱ་སྨི་ཉི་ཡིས་གོ་སྐབས་དེ་དང་བསྟུན་ནས་སྤྱི་ཚོགས་ཀྱི་བྱེད་སྒོ་སྣ་ཚོགས་ནང་ཞུགས་ཏེ་བུད་མེད་དེ་བས་མང་བ་ཚན་རྩལ་གསར་གཏོད་ནང་ཞུགས་རྒྱུར་ལྕག་སྐུལ་བྱས་ཡོད། ཁོང་གི་ངོས་ནས་བརྗོད་ན། ཀྲུང་གོའི་དར་སྤེལ་ཤུགས་ཆེན་འོག་འབོ་གསེར་རྒྱལ་ཁབ་ཀྱི་བུད་མེད་དེ་བས་མང་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པའི་བྱ་སྤྱོད་ནང་ཞུགས་ཡོད། “ཀྲུང་གོ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་རེད་ལ། འབོ་གསེར་རྒྱལ་ཁབ་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་མཁན་ཡང་རེད”ཏེ་ལཱ་སྨི་ཉི་ཡིས་ཀྲུང་གོས་འབོ་གསེར་རྒྱལ་ཁབ་གཞན་དང་མཉམ་དུ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་བུད་མེད་དེ་བས་མང་བར་མི་སྒེར་གྱི་རིན་ཐང་མངོན་རོགས་བྱས་ཏེ་འབོ་གསེར་མཉམ་ལས་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་ཕུལ་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད།

    “བུད་མེད་དེ་བས་མང་བས་རང་ཉིད་ཀྱི་བྱ་གཞག་གཏོད་པར་ལྕག་སྐུལ་བྱས་པ”

    “ང་ལ་གཟི་བརྗིད་མཚན་སྙན་དེ་ལྟ་བུ་ཐོབ་པར་ཧ་ཅང་དགའ་པོ་བྱུང་། དེ་ལས་མུ་མཐུད་ལས་གཏོད་བྱེད་པའི་ངའི་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་སོང་ལ། བུད་མེད་དེ་བས་མང་བས་རང་ཉིད་ཀྱི་བྱ་གཞག་བཏོད་ནས་ཕུགས་འདུན་དོན་གཉེར་བྱེད་པར་ལྕག་སྐུལ་ཡང་ཐེབས་ཡོད” 2022ལོར་འབོ་གསེར་རྒྱལ་ཁབ་ཀྱི་བུད་མེད་ཀྱི་གསར་གཏོད་འགྲན་བསྡུར་ཆེ་མོའི“མུའུ་ལན་བྱ་དགའ”ཐོབ་པའི་མྱོང་ཚོར་གླེང་སྐབས་པར་ཙིར་གྱི་ཁེ་ལས་མཁས་ཅན་ལེ་ཐཱ་ནཱ·ཐོ་མཱ་སའེ་ལི་ཡིས་སེམས་འགུལ་ཐེབས་བཞིན། ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་རྒྱལ་ཁབ་ཀྱི་བུད་མེད་ཀྱི་གསར་གཏོད་འགྲན་བསྡུར་ཆེ་མོ་གཉེར་བ་ལས་བུད་མེད་དེ་བས་མང་བའི་གསར་གཏོད་འཇོན་ཐང་ཤེས་རྟོགས་ཐུབ་ཡོད། ང་འདིར་ཞུགས་པའི་གོ་སྐབས་བྱུང་བ་མ་ཟད། མི་དེ་བས་མང་བར་རང་ཉིད་ཀྱི་གསར་གཏོད་ལས་གཏོད་ཀྱི་གཏམ་རྒྱུད་མཉམ་སྤྱོད་བྱེད་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་ནས་བརྗོད།

    ཐོ་མཱ་སའེ་ལི་ནི་པར་ཙིར་གྱི་ཡིའུ་ཧྥེ་བདེ་ཐང་ཀུང་སི་འཛུགས་མཁན་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་ཡིན་ལ། དེ་སྔ་ས་གནས་དེ་གའི་ཀུང་སི་ཆེ་གྲས་ཤིག་ཏུ་མི་ཤུགས་ཐོན་ཁུངས་དོ་དམ་གྱི་ལས་ཀ་བྱེད་མྱོང་ཡོད། 2019ལོར་ཐོ་མཱ་སའེ་ལི་ཡིས་རང་ཉིད་ཀྱི་ཀུང་སི་དངོས་སུ་བཙུགས་པ་དང་། སྐྱེ་དངོས་དབྱེ་འབྱེད་ལག་རྩལ་སྤྱོད་པར་གཞོལ་ནས་གནད་སྨིན་ཅན་དང་རང་གཤིས་ཅན་གྱི་སེམས་ཁམས་བདེ་ཐང་གི་ཞབས་འདེགས་ཞུས་ཡོད། ཀུང་སིས་ལག་རྩལ་བྱ་ཐབས་དང་སེམས་ཁམས་བདེ་ཐང་གི་ཆེད་ལས་བློ་འདྲི་ཟུང་འབྲེལ་བྱས་ཏེ་སེམས་འཚབ་ནད་དང་ཡིད་མུག་ནད་སོགས་བརྟག་དཔྱད་དང་། སྨན་བཅོས། སྔོན་འགོག་བཅས་བྱས་པ་བརྒྱུད་མི་རྣམས་འཚོ་བ་དང་ལས་ཀའི་ཁྲོད་བློ་ཡིད་ཚིམ་པོ་དང་སྤྲོ་སྣང་འཕེལ་ཐུབ་པ་བྱུང་ཡོད། ལས་གཏོད་བྱེད་རིང་ཐུའོ་མཱ་སའེ་ལི་ཡིས་པར་ཙིར་གྱི་ལས་གཏོད་ཀུང་སི་འཛུགས་མཁན་ཁྲོད་བུད་མེད་ཀྱིས་5%ཡང་ཟིན་གྱི་མེད་པ་ཤེས་རྟོགས་བྱུང་བ་དང་དེས་ཁོ་མོར་རང་ཉིད་ཀྱི་ཕྲག་ཏུ་བབས་པའི་འགན་འཁྲི་ལྕི་པོ་ཡིན་པ་ཚོར་ཡོད། “ང་ཚོས་ཕོ་མོའི་དབྱེ་བ་མེད་པ་དང་། ཕོ་མོ་འདྲ་མཉམ་ལ་སྐུལ་འདེད་གཏོང་བ། དེ་བས་བསྟུན་མཁས་རང་བཞིན་དང་། གསར་གཏོད་རང་བཞིན། རྒྱུན་མཐུད་ཆོག་པའི་རང་བཞིན་བཅས་ཀྱི་ཁེ་ལས་འཛུགས་དགོས་ངེས་རེད”ཅེས་ཐོ་མཱ་སའེ་ལི་ཡིས་བརྗོད།

    “འབོ་གསེར་རྒྱལ་ཁབ་ཀྱི་བུད་མེད་ཀྱི་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་སྐུལ་འདེད་བཏང་བ”

    《འབོ་གསེར་རྒྱལ་ཁབ་ཀྱི་བུད་མེད་བྱ་གཞག་འཕེལ་རྒྱས་ཀྱི་སྙན་ཞུ་2023ལོ》ལ་གཞིགས་ན། ཉེ་བའི་ལོ་བཅུའི་རིང་འབོ་གསེར་རྒྱལ་ཁབ་ཀྱི་བུད་མེད་ཀྱི་དཔལ་འབྱོར་དང་། བདེ་ཐང་། སློབ་གསོ། དོ་དམ་ཐབས་ཇུས་སོགས་ཐད་ཀྱི་འཕེལ་རྒྱས་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། ཀྲུང་གོའི་བུད་མེད་ཀྱི་གྲངས་འཛིན་དཔལ་འབྱོར་ཁྱབ་ཁོངས་ཀྱི་གསར་གཏོད་ལས་ཞུགས་མི་འབོར་སྔོན་རྩིས་བརྒྱབ་ན་2025ལོར་སླེབས་སྐབས་དུང་ཕྱུར་1.2ཟིན་རྒྱུ་རེད། པར་ཙིར་གྱི་མི་ཁྲི་རེའི་ཁྲོད་སྦྲུམ་མར་སྐྱེ་གཡོག་དང་རོགས་རམ་བྱེད་མཁན་74ཟིན་པ་དེ་གོ་ལ་ཧྲིལ་པོའི་ཆ་སྙོམས་ཆུ་ཚད་39.5ལས་ཆེས་ཆེར་འཕར་ཡོད། ཨུ་རུ་སུའི་བུད་མེད་མཐོ་རིམ་སློབ་གསོའི་སློབ་གྲྭར་ཞུགས་ཚད་90%ཙམ་རྒྱུན་འཁྱོངས་ཐུབ་ཡོད། ལྷོ་ཨ་ཧྥེ་རི་ཁའི་བུད་མེད་ཏུང་ཧྲིའི་བསྡུར་གྲངས་2018ལོའི་26.4%ནས་2021ལོར31.8%བར་འཕར་བ་དང་དེའི་བལྟོས་མེད་གྲངས་ཐང་དང་འཕར་ཚད་ཚང་མ་གོ་ལ་ཧྲིལ་པོའི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཡོད།

    “འབོ་གསེར་རྒྱལ་ཁབ་ཀྱི་བུད་མེད་ལ་ལས་རིགས་ཁག་ཏུ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ནས་གསར་གཏོད་མཐའ་འཁྱོངས་དང་ཞུམ་མེད་མདུན་སྐྱོད་ཀྱི་སྟོབས་ཤུགས་ཆེན་པོ་མངོན་ཡོད”ཅེས་ཨུ་རུ་སུའི་འོད་ཟེར་ལམ་བུ་ཚོགས་པའི་ཙུང་ཚའེ་ལིའུ་ཏེ་སྨི་ལཱ·ཤེར་པཱ་ཁོའོ་ཝ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད།

    ཨུ་རུ་སུའི་འོད་ཟེར་ལམ་བུ་ཚོགས་པ་ནི་སྨན་རྫས་མ་རྐང་ཚོད་འཛིན་ཀུང་སི་ཞིག་དང་། ཨུ་རུ་སུ་དང་རྒྱལ་སྤྱིའི་སྨན་བཟོའི་ཁྲོམ་རར་ལོ་20ལྷག་ཙམ་གྱི་གཉེར་སྐྱོང་ཉམས་མྱོང་ཡོད་ཅིང་། སྨན་རྫས་ཀྱི་དུས་འཁོར་ཧྲིལ་པོའི་ཐོན་སྐྱེད་ཆེད་དེང་རབས་ཅན་གྱི་ཚོང་ལས་སྐྱེ་ཁམས་མ་ལག་གཏོད་པར་གཞོལ་ཡོད། ཤེར་པཱ་ཁོའོ་ཝ་ཡིས“ཨུ་རུ་སུའི་ལས་རིགས་ཁག་གི་འབད་འཐབ་བྱེད་མཁན་བུད་མེད་མང་པོའི་འཐུས་མིའི་གྲས་ཤིག་ཡིན་པའི་ངས་འབོ་གསེར་རྒྱལ་ཁབ་ཀྱིས་བུད་མེད་ཀྱི་གསར་གཏོད་འགྲན་བསྡུར་ཆེ་མོ་གཉེར་ཏེ་ང་རང་དང་ཨུ་རུ་སུའི་བུད་མེད་ལ་ཁས་ལེན་དང་སྐུལ་ལྕག་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན། ཀྲུང་གོས་འབོ་གསེར་རྒྱལ་ཁབ་ཀྱི་བུད་མེད་ཀྱི་གསར་གཏོད་འགྲན་བསྡུར་ཆེ་མོ་གཉེར་རྒྱུའི་གྲོས་འགོ་བཏོན་པ་དང་སྦྲགས་གཉེར་བ་ལས་འབོ་གསེར་རྒྱལ་ཁབ་ཀྱི་བུད་མེད་ཁེ་ལས་མཁས་ཅན་ལ་ལས་གཏོད་ཀྱི་ཉམས་མྱོང་སྤེལ་རེས་དང་། བུད་མེད་ཀྱི་ལས་ཞུགས་ལ་སྐུལ་ཁྲིད། གཉིས་ཕན་མཉམ་ལས་ཟབ་གཏོང་སོགས་ཐད་ལས་སྟེགས་གལ་ཆེན་བཏོད་དེ། འབོ་གསེར་རྒྱལ་ཁབ་ཀྱི་བུད་མེད་ཀྱིས་གསར་གཏོད་ཀྱི་གསོན་ཤུགས་མངོན་པ་དང་གསར་གཏོད་འཕེལ་རྒྱས་མངོན་འགྱུར་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་རྒྱལ་ཁབ་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྔར་བས་མང་བ་བསྣན་ཡོད”ཅེས་བརྗོད།

    ཤེར་པཱ་ཁོའོ་ཝ་ཡིས“ཀྲུང་གོས་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་བཏོན་ཡོད། འདི་ལོའི་ཟླ་6པར་ཀྲུང་གོར་འབོ་གསེར་རྒྱལ་ཁབ་ཀྱི་བུད་མེད་ཀྱི་འགོ་ཁྲིད་ནུས་པའི་གླེང་སྟེགས་ལ་ཞུགས་རིང་། ཀྲུང་གོ་ཕྱོགས་ཀྱིས་སྒྲིག་འཛུགས་ཞིབ་ཚགས་བྱས་པའི་འཚམས་འདྲི་དང་། འབྲེལ་མཐུད། སྤེལ་རེས་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པས་ངར་བག་ཆགས་ཟབ་མོ་བཞག་བྱུང་། ངས་བལྟས་ན། ཀྲུང་གོས་གྲོས་འགོ་བཏོན་པ་དང་སྦྲགས་གཏོད་པའི་དགེ་མཚན་ལྡན་པའི་ལམ་སྲོལ་དང་ལས་སྟེགས་མང་པོ་ཞིག་ནི་རྒྱལ་ཁབ་ཁག་གི་བུད་མེད་འབོ་གསེར་བཟོ་ཚོང་མཉམ་ལས་ནང་ཧུར་ཐག་ཞུགས་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་བ་དང་། འབོ་གསེར་རྒྱལ་ཁབ་ཀྱི་བུད་མེད་ཀྱིས་ལྗང་མདོག་དང་། ཚན་རྩལ། རིག་གནས། འཕྲོད་བསྟེན། སློབ་གསོ། དངུལ་རྩ་སོགས་ཁྱབ་ཁོངས་ཁག་གི་གསར་གཏོད་ནུས་པ་དང་མངོན་པར་ཕན་པ་ཡོད་པ་དང་འབོ་གསེར་རྒྱལ་ཁབ་ཀྱི་བུད་མེད་ཀྱི་དངོས་སྒྲུབ་མཉམ་ལས་དང་སྤེལ་རེས་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་ཁག་ལ་དེ་བས་སྲ་ཞིང་བརྟན་པའི་རོགས་ཟླའི་འབྲེལ་བ་གཏོད་པར་རྨང་གཞི་དེ་བས་བརྟན་པོ་བཏིང་ཡོད།

    ཉེ་ཆར། འབོ་གསེར་རྒྱལ་ཁབ་ཀྱི་བུད་མེད་བཟོ་ཚོང་མནའ་འབྲེལ་འཐུས་མི་ཚོགས་པས་ཀྲུང་གོའི་བུད་མེད་དང་བྱིས་པའི་རྟེན་མཛོད་ཁང་དུ་ལྟ་སྐོར་བྱེད་བཞིན་པ།

    ཉེ་ཆར། ཨུ་རུ་སུའི་ཁེ་ལས་མཁས་ཅན་ལིའུ་ཏེ་སྨི་ལཱ·ཤེར་པཱ་ཁོའོ་ཝ(མདུན་གྱི་གཡོན)ཡིས་2023ལོའི་འབོ་གསེར་རྒྱལ་ཁབ་ཀྱི་བུད་མེད་ཀྱི་འགོ་ཁྲིད་ནུས་པའི་གླེང་སྟེགས་ཀྱི་སྦྲེལ་མཐུད་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག་ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་ཚོང་པ་དང་ཚོང་དོན་མཉམ་ལས་ཡིག་ཆར་མིང་རྟགས་འགོད་བཞིན་པ།

    ཉེ་ཆར། འབོ་གསེར་རྒྱལ་ཁབ་ཀྱི་བུད་མེད་བཟོ་ཚོང་མནའ་འབྲེལ་འཐུས་མི་ཚོགས་པ་དང་ཀྲུའུ་ཧའེ་ཡི་ཁེ་ལས་ཀྱི་འཐུས་མིའི་དཔལ་འབྱོར་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཀོང་ཏུང་ཀྲུའུ་ཧའེ་རུ་འཚོགས་པ།

    ཉེ་ཆར། པར་ཙིར་གྱི་ཁེ་ལས་མཁས་ཅན་ལེ་ཐཱ་ནཱ·ཐོ་མཱ་སའེ་ལི(གཡས)ཡིས་ཀྲུང་གོའི་མ་དངུལ་གཏོང་མཁན་ལ་ལས་གཏོད་ཀྱི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།

    ཉེ་ཆར། ལྷོ་ཨ་ཧྥེ་རི་ཁའི་ཁེ་ལས་མཁས་ཅན་ནོར་པུའུ་ཧོ་ཞི·ཏེ་ལཱ་སྨི་ཉི་ཡིས་2023ལོའི་འབོ་གསེར་རྒྱལ་ཁབ་ཀྱི་བུད་མེད་ཀྱི་འགོ་ཁྲིད་ནུས་པའི་གླེང་སྟེགས་ཐོག་གཏམ་བཤད་སྤེལ་བཞིན་པ།

    ཉེ་ཆར། འབོ་གསེར་རྒྱལ་ཁབ་ཀྱི་བུད་མེད་བཟོ་ཚོང་ལས་རིགས་ཀྱི་འཐུས་མི་2023ལོའི་འབོ་གསེར་རྒྱལ་ཁབ་ཀྱི་བུད་མེད་ཀྱི་འགོ་ཁྲིད་ནུས་པའི་གླེང་སྟེགས་ལ་མཉམ་དུ་ཞུགས་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།