དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཀོང་ཤིས་སུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན།

    བསམ་བློར་བཅིངས་འགྲོལ་དང་། གསར་གཏོད་ལ་བརྟེན་ནས་འགྱུར་ལྡོག་ཡོང་བ། མཚོ་ཁོངས་དར་རྒྱས། སྒོ་དབྱེ་འཕེལ་རྒྱས་བཅས་བྱས་ནས་ཀྲུང་གོའི་ལུཌ་ཀྱི་དེང་རབས་ཅན་གྱི་ཀོང་ཤིས་ཀྱི་ལེའུ་ནུས་ཤུཌ་ཡོད་རྒུས་རྩོམ་དགོས།

    ཚའེ་ཆི་རྟོག་ཞིབ་གནང་སྐབས་ལྷན་དུ་ཕེབས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-12-17

    ཟླ་12ཚེས་14དང་15ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀོང་ཤིས་སུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་14ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ནན་ཉིང་གྲོང་ཁྱེར་ལེང་ཆིང་ཆུས་ཕན་ལུང་སྡེ་ཁུལ་དུ་རྟོག་ཞིབ་གནང་སྐབས་སྡེ་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་དང་བྱམས་བརྩེའི་གླེང་མོལ་གནང་བཞིན་པ།

    ཟླ་12ཚེས་14དང་15ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀོང་ཤིས་སུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་14ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ལའེ་པིང་གྲོང་ཁྱེར་གྱི་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་གི་ཧོང་ཨན་གྱི་སྤུས་ལེགས“མཐོ་བ་གཉིས”ཀྱི་ཤིང་མངར་རྟེན་གཞིར་རྟོག་ཞིབ་གནང་སྐབས་ཤིང་མངར་འདེབས་མཁན་ཞིང་པ་དང་། ཞིང་འཕྲུལ་བ། ཞིང་ལས་ལག་རྩལ་པ་བཅས་དང་བྱམས་བརྩེའི་གླེང་མོལ་གནང་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ནན་ཉིང་ནས་ཟླ་12ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀོང་ཤིས་སུ་རྟོག་ཞིབ་གནང་སྐབས། ཀོང་ཤིས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ་ལས་འགན་གལ་ཆེན་ཨང་དང་པོ་ཡིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འཐབ་ཇུས་ཀྱི་ལས་འགན་ཡིན་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་སྟངས་འཛིན་ནན་པོ་བྱས་ནས། རང་ངོས་ཀྱི་ལེགས་ཆ་འདོན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ་བསམ་བློར་བཅིངས་འགྲོལ་དང་། གསར་གཏོད་ལ་བརྟེན་ནས་འགྱུར་ལྡོག་ཡོང་བ། མཚོ་ཁོངས་དར་རྒྱས། སྒོ་དབྱེ་འཕེལ་རྒྱས་བཅས་བྱས་ནས། མཐའ་མཚམས་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བར་བྱས་རྗེས་དེ་བས་ཆེ་བ་འཇོག་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བརྗིད་ཆགས་ཉམས་ལྡན་གྱི་ཀོང་ཤིས་འཛུགས་སྐྲུན་བྱེད་པའི་ཐད་འཕེལ་རིམ་གསར་པ་ཟམ་མི་ཆད་པར་ཐོབ་པར་བྱས་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀོང་ཤིས་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་པའི་ནན་བཤད་གནང་བ་རེད།

    ཟླ་12ཚེས་13ཉིན། ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་དུ་རྒྱལ་དོན་འཚམས་འདྲི་གནང་མཇུག་འགྲིལ་ནས་རྒྱལ་ནང་དུ་ལོག་ཕེབས་ཤིང་། ཚེས་14དང་15ཉིན། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཉིང་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ལན་ཐེན་ལི་ཡི་ཕེབས་རོགས་འོག་སྔ་རྗེས་སུ་ནན་ཉིང་དང་ལའེ་པིང་སོགས་སུ་ཕེབས་ནས་ཕྱི་ཕྱོགས་སྒོ་དབྱེའི་རྣམ་གྲངས་དང་། སྡེ་ཁུལ། གྲོང་གསེབ། ཁེ་ལས་སོགས་སུ་བརྟག་ཞིབ་གནང་བ་རེད།

    ཚེས་14ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་དང་ཐོག་ནན་ཉིང་གྲོང་ཁྱེར་དུ་ཡོད་པའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཆ་འཕྲིན་གྲུ་ཁའི་མ་རྐང་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་ཞིང་། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཆ་འཕྲིན་གྲུ་ཁ་འཛུགས་སྐྲུན་གཉེར་སྐྱོང་དང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ཕིང་ལུའུ་མིས་བཟོས་གཙང་པོའི་ས་བབ་མཚོན་བྱེད་ཀྱི་བྱེ་གཞོང་དང་ཟུང་འབྲེལ་བྱས་ནས་ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པའི་རྐང་འཛིན་ལས་གྲྭ་འཛུགས་སྐྲུན་གྱི་སྙན་སེང་གསན་པ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཆ་འཕྲིན་གྲུ་ཁ་བསྐྲུན་རྒྱུ་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རང་རྒྱལ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་མཉམ་འབྲེལ་མཉམ་མཐུད་ལ་ཤུགས་སྣོན་རྒྱག་པའི་བྱེད་ཐབས་གལ་ཆེན་ཞིག་རེད། ཀོང་ཤིས་ཀྱིས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་འདེགས་སྐྱོར་གྱི་ནུས་པ་བཏོན་ནས། ཆ་འཕྲིན་ཅན་འཛུགས་སྐྱོང་དང་བཀོལ་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དབར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་གསར་པ་རྒྱུན་ཆད་མེད་པར་སྣོན་དགོས་ཞེས་གསུངས་པ་རེད།

    ནན་ཉིང་གྲོང་ཁྱེར་ལེང་ཆིང་ཆུས་ཕན་ལུང་སྡེ་ཁུལ་ནི་མི་རིགས་མང་པོ་འདུས་སྡོད་ཀྱི་སྡེ་ཁུལ་ཞིག་ཡིན་ཞིང་། ཞི་ཅིན་ཕིང་སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུ་ལྟེ་གནས་སུ་ཕེབས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་གནས་ཚུལ་དང་། དམངས་ཕན་དང་ཁེ་ལས་ལ་ཕན་འདོགས་པར་སྐུལ་འདེད། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བྱེད་སྒོ་གཉེར་བ་སོགས་ཀྱི་གནས་ཚུལ་སྐོར་གྱི་ས་གནས་ས་ཐོག་གི་ལས་དོན་མི་སྣའི་ངོ་སྤྲོད་གསན་ནས། ཏང་འཛུགས་སྐྱོང་གིས་མཉམ་ཤུགས་གཅིག་སྒྲིལ་ལ་ཁྲིད་སྟོན་དང་ཞབས་ཞུ་གཙོ་བོར་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པའི་ཁོང་ཚོའི་བྱེད་སྟངས་ལ་ཁས་ལེན་གནང་བ་རེད། རིག་རྩལ་བྱེད་སྒོ་ཁང་དུ་ཁོང་གིས་དགྱེས་ཚོར་ཆེན་པོས་སྡེ་ཁུལ་གྱི་གྲོང་མིས་ཡིག་གཟུགས་སྦྱོང་བ་དང་དམངས་གཞས་མཉམ་གཏོང་ལ་གཟིགས་པ་དང་ཚང་མ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ནས། སྡེ་ཁུལ་གྱིས་ཤེས་ལྡན་པ་དང་བྱེད་སྒོ་སྤེལ་ཡུལ་སོགས་ཀྱི་ཐོན་ཁུངས་གང་ལེགས་སྤྱད་དེ་བདེ་ཐང་ལ་ཕན་པ་དང་བློ་རིག་འཕེལ་བའི་རིག་གནས་བྱེད་སྒོ་གང་མང་སྤེལ་ནས་དྲང་ནུས་དེ་བས་ཆེ་བ་འཕེལ་ཐབས་བྱེད་དགོས་པའི་སྐུལ་མ་གནང་བ་རེད། ཞི་ཅིན་ཕིང་གིས་སྡེ་ཁུལ་ནི་གཞི་རིམ་རང་སྐྱོང་གི་གཞི་རྩའི་ཚན་པ་ཞིག་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གཞི་རིམ་གྱི་རྨང་གཞི་ཞིག་རེད། སྡེ་ཁུལ་གྱི་ལས་སྟེགས་འདི་བརྒྱུད“རྒན་རྒོན་གཅིག་དང་བྱིས་པ་གཅིག”སོགས་དམངས་འཚོའི་དོན་དངོས་དང་སྤྱི་པའི་ལས་དོན་ལེགས་པར་སྒྲུབ་པ་དང་། མང་ཚོགས་ཀྱི་དོ་ཁུར་ལ་ཨ་ལན་ཧུར་ཐག་སློག་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་གཞི་རིམ་བཅོས་སྐྱོང་གི་མངོན་གསལ་དོད་པའི་ལེགས་ཆ་ཞིག་ཡིན་པས་ལེགས་ཆ་འདི་འདོན་སྤེལ་ཡག་པོ་བྱེད་དགོས། མི་རིགས་མང་བའི་མང་ཚོགས་ཕན་ཚུན་སྒར་རེས་རྣམ་པའི་སྡེ་ཁུལ་བསྐྲུན་རྒྱུ་ནི་མི་རིགས་ཁག་གི་མང་ཚོགས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་རེད། ཀོང་ཤིས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཀྱི་དཔེ་སྟོན་ཁུལ་བརྟན་པོ་འཛུགས་པར་གཞི་རིམ་གྱི་སྡེ་ཁུལ་ནས་དམ་འཛིན་བྱས་ཏེ། སྡེ་ཁུལ་འཛུགས་སྐྱོང་ཏན་ཏིག་དང་། སྡེ་ཁུལ་གྱི་ཞབས་ཞུ་ནུས་ལྡན། སྡེ་ཁུལ་གྱི་བྱེད་སྒོ་ཕུན་སུམ་ཚོགས་པོ་བཅས་ལ་བརྟེན་ནས། མི་རིགས་ཁག་གི་མི་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་རྣམ་པ་ཟབ་མོ་གཏོད་དེ་མི་རིགས་མཐུན་སྒྲིལ་དེ་བས་ཡག་པོ་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།

    སྡེ་ཁུལ་ནས་ཞལ་གྱེས་སྐབས་མི་རིགས་ཁག་གི་མང་ཚོགས་ཚོས་སྤྲོ་སེམས་འཁོལ་པོས་སྤྱི་ཁྱབ་ཧྲུའུ་ཅིར་ཕེབས་སྐྱེལ་ཞུས་ཤིང་། ཞི་ཅིན་ཕིང་གིས། ང་རང་ཁ་སང་ཝེ་ཐེ་ནམ་ལ་རྒྱལ་དོན་འཚམས་འདྲི་བྱེད་མཇུག་འགྲིལ་ནས་ཐད་ཀར་ཀོང་ཤིས་ལ་རྟོག་ཞིབ་བྱེད་པར་ཡོང་བ་ཡིན། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་དེ་ཀོང་ཤིས་ཀྱི་སྒོ་དབྱེ་འཕེལ་རྒྱས་ལ་དེ་བས་ཕན་པ་དང་བརྗིད་ཆགས་ཉམས་ལྡན་གྱི་ཀོང་ཤིས་ཀྱི་མདུན་ལམ་འོད་ཟེར་ལྡན་པ་ཡོང་བར་ཕན་ཐོགས་ཡོད། རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་མི་འབོར་མང་ཤོས་ཀྱི་རང་སྐྱོང་ལྗོངས་ཤིག་ཡིན་པའི་ཀོང་ཤིས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་གནམ་འོག་གཅིག་ཏུ་ཞིང་ཁ་མཉམ་རྨོ་དང་། གཙང་ཆུ་མཉམ་འཐུང་། ཁྱིམ་གཞིས་མཉམ་སྐྲུན་བཅས་བྱེད་བཞིན་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་མི་རིགས་གཅིག་ཀྱང་ལུས་མི་རུང་། རེ་བར་སྡེ་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཚོས་འགྲོ་འོང་མང་ཙམ་བྱས་ཏེ་ཚང་མས་ཕན་ཚུན་རོགས་རམ་དང་། གྲོགས་པོ་བློས་ཐུབ་བྱེད་པ། ཁྱིམ་མཚེས་འཆམ་མཐུན་བཅས་བྱས་ཏེ་མཉམ་དུ་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་དགོས་ཞེས་བྱམས་བརྩེའི་ངང་གསུངས་པ་རེད།

    ཚེས་15ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་པ་དང་ཀོང་ཤིས་ཀྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀོང་ཤིས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཐོན་ལས་སྟོབས་ཆེར་གཏོང་བའི་ལས་དོན་ཡག་པོ་བསྒྲུབས་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་སྐྲུན་དགོས། ཐོན་ཁུངས་ཀྱི་ལེགས་ཆ་དང་ཐོན་ལས་ཀྱི་རྨང་གཞིར་གཞི་ཚུགས་པ་དང་། ལེགས་ཆའི་ཐོན་ལས་ལ་དམིགས་པ། ལེགས་ཆའི་ཐོན་ཁུངས་གཅིག་སྡུད་བཅས་བྱས་ནས་ཀོང་ཤིས་ཀྱི་ཁྱད་ཆོས་དང་ལེགས་ཆ་མངོན་པ་དང་། གཞི་ཁྱོན་ཆེ་ཙམ་དང་སྐུལ་ཁྲིད་ཀྱི་ནུས་པ་ཅུང་ཆེ་བའི་ཀ་རྟེན་ཐོན་ལས་ཁག་གཅིག་སྐྲུན་དགོས། ཚན་རྩལ་གསར་གཏོད་དེ་བས་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་སྟེ་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣ་བཅས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས། ཚན་སློབ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་ལ་ཤུགས་སྣོན་བརྒྱབ་སྟེ་ལག་རྩལ་སྒྱུར་བཀོད་དང་ཐོན་རྫས་རིམ་པ་སྤོར་ཤུགས་ཆེ་རུ་གཏོང་དགོས། མཚོ་རྒྱུད་དང་གཙང་རྒྱུད་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་རྒྱ་མཚོའི་དཔལ་འབྱོར་དང་གྲུ་ཁའི་རྒྱུད་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། ཐོན་ལས་ཀྱི་གྲུབ་ཆ་བཟང་སྒྲིག་དང་ལེགས་སྒྲིག་གང་མགྱོགས་བྱེད་པ་དང་། ཐོན་ལས་མ་ལག་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ། ནགས་ལས་ཐོན་ལས་དང་། རིག་གནས་ཡུལ་སྐོར་ཐོན་ལས། རྒན་གསོའི་ཐོན་ལས། བདེ་ཐང་ཆེ་མོའི་ཐོན་ལས་བཅས་འཕེལ་རྒྱས་དང་སྟོབས་ཆེར་བཏང་ནས། སྐྱེ་ཁམས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་རྒྱུན་ཆད་མེད་པར་སྒྱུར་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀོང་ཤིས་ཀྱིས་ནང་ངོས་དང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་མུ་མཐུད་ཆེ་རུ་གཏོང་དགོས་ཤིང་། ཕྱི་ནང་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ནས་གསོན་ཤུགས་དེ་བས་ཆེ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་མ་ལག་སྐྲུན་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་རང་འགུལ་གྱིས་ཞབས་འདེགས་ཞུ་བ་དང་། མཚོ་རྒྱུད་དར་རྒྱས་ཆེ་བའི་ས་ཁུལ་གྱི་ཐོན་ལས་ཀྱི་བཀོད་པ་གསར་པ་དང་འབྲེལ་མཐུད་བྱེད་པ། ཐོན་ལས་སྐས་རིམ་བཞིན་སྤོ་སྒྱུར་བྱེད་པར་གོ་རིམ་ལྡན་པའི་ངང་འབྲེལ་མཐུད་བྱེད་པ། བྱང་རྒྱུད་མཚོ་ཁུག་དཔལ་འབྱོར་ཁུལ་དང་ཀྲུའུ་ཅང་གཙང་པོ་དང་ཤིས་ཅང་གཙང་པོའི་དཔལ་འབྱོར་ཁུལ་མགྱོགས་མྱུར་གསར་སྤེལ་དང་སྒོ་དབྱེ་བཅས་བྱས་ཏེ་ཀོང་ཤིས་འདི་ཉིད་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་འཐབ་ཇུས་ཀྱི་ལྟེ་གནས་གལ་ཆེན་དུ་འགྱུར་བར་བྱེད་དགོས། ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པ་མཉམ་དུ་སྐྲུན་ནས། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་གལ་ཆེན་ཁག་གཅིག་ལག་ལེན་བསྟར་ཏེ་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་ཕིང་ལུའུ་མིས་བཟོས་གཙང་པོ་བསྐྲུན་པ་དང་། བྱང་རྒྱུད་མཚོ་ཁུག་གི་རྒྱལ་སྤྱིའི་གཙོ་ཆེའི་གྲུ་ཁ་ཆུ་ཚད་མཐོ་པོས་བསྐྲུན་ཏེ་གཙང་པོ་དང་། ལྕགས་ལམ། མཚོ་འགྲུལ་བཅས་ཀྱི་རྣམ་པ་མང་བའི་མཉམ་འདྲེན་ནུས་པ་དང་རང་འགུལ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། གྲོང་གསེབ་དར་རྒྱས་གཏོང་བ་ནི་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་རྨང་གཞིའི་རང་བཞིན་གྱི་འདུ་འགོད་ཅིག་ཡིན་པས་འཆར་འགོད་དོན་འཁྱོལ་དང་སྐུལ་འདེད་ཏན་ཏིག་གཏོང་དགོས། འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་གཅིག་མཚུངས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་རྒྱ་ཁྱོན་བརྟན་པོ་དང་མུའུ་རེའི་ཐོན་འབབ་འཕར་བར་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་ཀྱིས་འབྲུ་རིགས་ཐོན་འཕར་དོ་སྙོམས་ཡོང་བར་བྱེད་དགོས། ཀོང་ཤིས་ཀྱི་ནགས་ཚལ་དང་། ཤིང་འབྲས། སྔོ་ཚལ། ཕྱུགས་རིགས། མངར་ཆ་སོགས་ཁྱད་ལྡན་ཐོན་ཁུངས་ཕུན་སུམ་ཚོགས་པའི་ལེགས་ཆ་བཏོན་ནས། དེང་རབས་ཀྱི་ཁྱད་ལྡན་ཞིང་ལས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ“ཀོང་ཤིས་རྟགས་ཅན”གྱི་ཞིང་ལས་སྤུས་རྟགས་དེ་བས་མང་བ་ཕྱོགས་བཞི་མཚམས་བརྒྱད་དུ་སྐད་གྲགས་ཆོད་པར་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀོང་ཤིས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དེ་རང་སྐྱོང་ལྗོངས་ཀྱི་ལས་དོན་ཁག་གི་གཙོ་རྐང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་རྩ་བའི་ཁ་ཕྱོགས་སུ་བརྩིས་ནས། མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་འབད་འཐབ་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དེ་དཔལ་འབྱོར་དང་། སློབ་གསོ། ལས་ཞུགས། སྡེ་ཁུལ་འཛུགས་སྐྲུན། རིག་གནས་འཛུགས་སྐྱོང་། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་ལས་དོན་ཁག་ལ་དོན་འཁྱོལ་ཐུབ་པར་གཞི་ཚུགས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་མུ་མཐུད་སྐྱོད་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་ནི་ལས་དོན་ཁག་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཞིག་ཡིན་ཞིང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ལས་བྱེད་པའི་དཔུང་ཁག་གི་བྱང་ཚད་དང་ནུས་པ་ཟམ་མི་ཆད་པར་མཐོ་རུ་གཏོང་བ། ཏང་ཡོན་དང་ལས་བྱེད་པས་སྲིད་དོན་གཙང་སྐྱོང་དང་སྤྱོད་གཙང་ལས་སྒྲུབ་བྱེད་པར་ལྕག་སྐུལ་བཅས་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་མཇུག་འགྲིལ་མཚམས་སུ་སླེབས་ཡོད་པས། མགོ་ཡོད་མཇུག་ཡོད་ཀྱིས་སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་བཅས་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

    ཞི་ཅིན་ཕིང་གིས། ལོ་འགོ་ལོ་མཇུག་ཏུ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཁྲོམ་རའི་མཁོ་སྤྲོད་དང་དམངས་འཚོར་འགན་ལེན་ཡག་པོ་དང་། བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཞིབ་ཚགས། ཞིང་པ་ལས་མིའི་གླ་ཆ་ཆད་པའི་གནད་དོན་ཐག་གཅོད་པར་དོ་སྣང་བཅས་བྱས་ནས་མི་དམངས་མང་ཚོགས་ལ་སྤྲོ་སྣང་དོད་ཅིང་བཀྲ་ཤིས་པའི་དུས་ཆེན་ཞིག་གཏོང་རྒྱུ་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།