དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རི་ཆུ་གཅིག་ཏུ་སྦྲེལ། མི་ཆོས་རིག་གནས་མཐུན།

    ཀྲུང་གོ་དང་ཝེ་ཐེ་ནམ་གྱིས་རིག་གནས་སྤེལ་རེས་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་སེམས་གཅིག་མཐུན་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  སུན་དབྱི་དང་ཧུའུ་ཅ་ལི།   |     སྤེལ་དུས།  2023-12-16

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲུང་གོ་དང་ཝེ་ཐེ་ནམ་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་15སོང་ཚུན། རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་ཁྱབ་ཁོངས་ཀྱི་སྤེལ་རེས་ཉིན་རེ་བཞིན་ཟབ་ཏུ་ཕྱིན་པ་དང་ཆབས་ཅིག དམངས་སེམས་ཀྱང་རྒྱུན་ཆད་མེད་པར་ཉེ་རུ་སོང་ཡོད།

    ཀྲུང་གོ་དང་ཝེ་ཐེ་ནམ་ནི་རི་ཆུ་སྦྲེལ་བ་དང་རིག་གནས་འདྲ་བའི་རྒྱལ་ཁབ་གཉིས་ཡིན་ཞིང་། ཕན་ཚུན་དབར་མི་ཆོས་རིག་གནས་སྤེལ་རེས་བྱེད་པར་རང་བྱུང་གི་སྟབས་བདེའི་ཆ་རྐྱེན་ཡོད། 《ནུབ་ཕྱོགས་སུ་སྐྱོད་པའི་རྣམ་ཐར》དང་། 《རྒྱལ་རབས་གསུམ་གྱི་གཏམ་རྒྱུད》《ཆུ་ངོགས་གཏམ་རྒྱུད》《ཁང་ཆེན་དམར་པོའི་རྨི་ལམ》བཅས་ཀྲུང་གོའི་གྲགས་ཅན་བརྩམས་ཆོས་ཆེ་གྲས་བཞི་བརྙན་འཕྲིན་འཁྲབ་ཚན་ལ་སྒྲིག་བཟོ་བྱས་ནས་ཝེ་ཐེ་ནམ་དུ་དགའ་བསུ་ཆེན་པོ་ཐོབ་ཡོད། ཧུའུ་ཀྲི་མིང་གྲོང་ཁྱེར་རྒྱལ་ཁབ་སློབ་ཆེན་ཁོངས་གཏོགས་ཀྱི་མི་ཆོས་རིག་གནས་དང་སྤྱི་ཚོགས་ཚན་རིག་སློབ་ཆེན་གྱི་འདི་ལོ་ལོ་26ལ་སླེབས་པའི་ཞིབ་འཇུག་སློབ་མ་རོན་ཆུང་མའེ་ཡིས་གསར་འགོད་པར“ང་ནི་ཧ་ནོ་དབྱི་ནས་ཡིན། ཆུང་བྱིས་པའི་དུས་སུ་དབྱར་སེང་འཇོག་རིམ་བཞིན་ངས་ཉིན་ལྟར་བརྙན་འཕྲིན་མདུན་དུ་བསྡད་ནས《ནུབ་ཕྱོགས་སུ་སྐྱོད་པའི་རྣམ་ཐར》ལྟ་ཡི་ཡོད། ད་ལྟ་ཁྱེད་ཧ་ནོ་དབྱིའི་གྲོང་ཁུལ་རྙིང་པར་སྐྱོད་སྐབས་ད་དུང་སྤྲེལ་རྒྱལ་འཁྲབ་སྟོན་བྱེད་པ་མཐོང་རྒྱུ་ཡོད་ལ་ལྟ་མཁན་ཡང་མང་པོ་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།