དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • སེ་ཧྲེར་གྱི་ཙུང་ཐུང་གིས་བརྗོད་དོན།

    སེ་ཀྲུང་འབྲེལ་བར་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ངེས་རེད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-16

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཐཱ་ནཱ་ནཱ་ལི་ཧྥུའུ་ནས་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་སེ་ཧྲེར་གྱི་ཙུང་ཐུང་ལཱ་མུའུ་ཁ་ལཱ་ཝང་གིས་ཀྲུང་གོ་དང་མཉམ་དུ་དཔལ་འབྱོར་དང་། ཡུལ་སྐོར། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་འདོད་ཡོད་ལ། སེ་ཀྲུང་གི་འབྲེལ་བར་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡོང་ངེས་རེད་ཅེས་བརྗོད་པ་རེད།

    ལཱ་མུའུ་ཁ་ལཱ་ཝང་གིས་རྒྱལ་ས་ཝེ་ཁེ་ཐོ་རུའེ་ཡར་སེ་ཧྲེར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལིན་ནན་གྱིས་ཕུལ་བའི་རྒྱལ་ཡིག་དང་ལེན་བྱེད་སྐབས། སེ་ཀྲུང་གི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ནས་ཀྲུང་གོས་སེ་ཧྲེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་མཐའ་གཅིག་ཏུ་བྱེད་པའི་བསྐྱར་བསྒྲགས་ཀྱང་བྱས་པ་རེད།

    ལིན་ནན་གྱིས་ཀྲུང་སེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་47སོང་བ་དང་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་ཐོག་མཐའ་བར་གསུམ་དུ་བཟུང་ནས། རྒྱལ་ཁབ་ཆེ་ཆུང་མི་འདྲ་བ་མཛའ་གྲོགས་མཉམ་ལས་དང་གཉིས་ཁེ་གཉིས་ཕན་ཡོང་བའི་དཔེ་མཚོན་དུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱས་ནས། སེ་ཧྲེར་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱེད་པར་བསྔགས་བརྗོད་བྱས་ཏེ། སེ་ཧྲེར་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་པོའི་མཉམ་ལས་ལ་གྲུབ་འབྲས་སྔར་བས་མང་བ་ཐོབ་པར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།