དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཝུ་ར་ཀུའེ་ནི་ཀྲུང་གོའི་བློས་འགེལ་ཆོག་པའི་མཉམ་ལས་རོགས་ཟླ་ཞིག་ཡིན”

    ཝུ་ར་ཀུའེ་ཡི་ཞིང་འབྲོག ཉ་ལས་པུའི་པུའུ་ཀྲང་ཧྥེར་ནན་ཏུའོ·མཱ་ཐུའོ་སིར་བཅར་འདྲི་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཀྲའོ་ཁའེ་དང་། ཝང་ཀྲུང་དབྱི། ཝང་ལིན་ཡོན།   |     སྤེལ་དུས།  2023-12-16

    “ཝུ་ར་ཀུའེ་ནི་ཀྲུང་གོའི་བློས་འགེལ་ཆོག་པའི་མཉམ་ལས་རོགས་ཟླ་ཞིག་ཡིན”ཉིན་ཤས་གོང་ཝུ་ར་ཀུའེ་ཡི་འབྲོག་ལས་དང་། ཞིང་ལས། ཉ་ལས་བཅས་ཀྱི་པུའུ་ཀྲང་ཧྥེར་ནན་ཏུའོ·མཱ་ཐུའོ་སིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་ཝུ་ར་ཀུའེ་ཕྱོགས་ཀྱིས་ཀྲུང་གོ་དང་ཞིང་འབྲོག་ལས་ཁྱབ་ཁོངས་ཀྱི་མཉམ་ལས་ཁག་ཟབ་ཏུ་བཏང་ནས་ཀྲུང་གོའི“བློས་འགེལ་ཆོག་པའི་འབྲུ་རིགས་མཁོ་སྤྲོད་རྒྱལ་ཁབ”ཅིག་ཏུ་འགྱུར་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    མི་རིང་བའི་གོང་མཱ་ཐུའོ་སིས་ཀྲུང་གོར་འཚམས་འདྲི་བྱས་པ་དང་ཀྲུང་གོའི་ཞིང་ཆེན་དང་གྲོང་ཁྱེར་བཅུ་ལྷག་ཙམ་ལ་བཅར་འདྲིར་བསྐྱོད་དེ་རྒྱལ་ཁབ་གཉིས་པོས་ཞིང་འབྲོག་ཉ་ལས་ཁྱབ་ཁོངས་དང་ལྷག་དོན་དུ་ཞིང་འབྲོག་ལས་ཀྱི་ཚན་རྩལ་ཁྱབ་ཁོངས་སུ་མཉམ་ལས་བྱེད་པའི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད།

    ཁོང་གིས་ཝུ་ར་ཀུའེ་ནི་འཛམ་གླིང་ཐོག་གི་འབྲུ་རིགས་ཐོན་སྐྱེད་རྒྱལ་ཁབ་གལ་ཆེན་ཞིག་དང་ཀྲུང་གོའི་ཚོང་དོན་རོགས་ཟླ་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་ཀྲུང་གོ་འདི་ཉིད་ཝུ་ར་ཀུའེ་ཡི་ཚོང་དོན་རོགས་ཟླ་ཆེ་ཤོས་སུ་གྱུར་ཡོད། ཝུ་ར་ཀུའེ་ཡི་གཞུང་ཕྱོགས་ཀྱི་གྲངས་གཞིར་གཞིགས་ན། 2022ལོར་ཝུ་ར་ཀུའེ་ཡིས་ཀྲུང་གོར་ཕྱིར་གཏོང་བྱས་པའི་དངུལ་འབོར་གྱིས་དེའི་ཕྱིར་གཏོང་དངུལ་འབོར་གྱི་བཅུ་ཆ་གསུམ་ཙམ་བཟུང་ཡོད། མཱ་ཐུའོ་སིས“ཝུ་ར་ཀུའེ་ནི་ཀྲུང་གོའི་བློས་འགེལ་ཆོག་པའི་མཉམ་ལས་རོགས་ཟླ་ཞིག་ཡིན། ཝུ་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པ་དང་། དཔལ་འབྱོར་ཐད་ཕན་ཚུན་གསབ་རེས་རང་བཞིན་ཆེན་པོ་ལྡན་པ། ཝུ་ར་ཀུའེ་ཡིས་ཞིང་འབྲོག་ལས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་བར་མཐོང་ཆེན་བྱེད་པ། ཁོར་ཡུག་དང་། ས་ཞིང་། ཆུའི་ཐོན་ཁུངས་བཅས་བེད་སྤྱོད་དང་སྲུང་སྐྱོང་ལ་མཐོང་ཆེན་བཅས་བྱས་ནས་ཀྲུང་གོའི་བློས་འགེལ་ཆོག་པའི་འབྲུ་རིགས་མཁོ་སྤྲོད་རྒྱལ་ཁབ་ཅིག་ཏུ་འགྱུར་འདོད་ཡོད”ཅེས་བརྗོད་པ་རེད།

    འབྱུང་འགྱུར་ཝུ་ཀྲུང་གི་ཞིང་འབྲོག་ལས་མཉམ་ལས་ཐད་མཱ་ཐུའོ་སིས་ཡིད་ཆེས་དང་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། ན་ནིང་ཝུ་ར་ཀུའེ་ཡིས་ཀྲུང་གོར་ཕྱིར་གཏོང་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པའི་ཁྲོད་ཞིང་འབྲོག་ཐོན་རྫས་ཀྱིས་བསྡུར་ཚད་ཆེན་པོ་བཟུང་ཡོད། མཱ་ཐུའོ་སིས་འབྱུང་འགྱུར་ཝུ་ཀྲུང་དབར་འབྲུ་རིགས་བདེ་འཇགས་དང་། ཞིང་འབྲོག་ལས་ཀྱི་ལག་རྩལ་གསར་པ། ཞིང་ཟོག་ལས་སྣོན་སོགས་ཐད་མཉམ་ལས་ཀྱི་བར་མཐོངས་ཆེན་པོ་ཡོད། ཁོང་གིས་ཝུ་ཀྲུང་རྒྱལ་ཁབ་གཉིས་པོས་གསོ་ཚགས་ལས་རིགས་ཀྱི་རྒྱུད་པ་ལེགས་བཅོས་ཐད་མཉམ་ལས་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། སླད་ཕྱིན་ཝུ་ར་ཀུའེ་ཡིས་ཀྲུང་གོའི་ཞིང་ལས་ཐོན་རྫས་ལས་སྣོན་ལག་རྩལ་དང་སྒྲིག་ཆས་ནང་འདྲེན་བྱས་ནས་རང་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།