དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས་ཅ་ཧྲ་ས་ཁུལ་དུ་འཕྲལ་དུ་མི་ཆོས་རིང་ལུགས་ཀྱི་དམག་མཚམས་འཇོག་དགོས་པའི་བླང་བྱ་བཏོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-12-16

    ཚེས་12ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱིས་ཛ་དྲག་གི་དམིགས་བསལ་ཚོགས་འདུ་འཚོགས་ནས། རྒྱལ་ཁབ་153གྱི་རྒྱབ་སྐྱོར་དང་། རྒྱལ་ཁབ་10ཡི་ངོ་རྒོལ། རྒྱལ་ཁབ་23གྱིས་དབང་ཆ་དོར་བ་བཅས་ཀྱི་འདེམས་ཤོག་ཐོག་ནས་གྲོས་ཆོད་ལ་གྲོས་འཆམ་བྱུང་སྟེ། ཅ་ཧྲ་ས་ཁུལ་དུ་འཕྲལ་དུ་མི་ཆོས་རིང་ལུགས་ཀྱི་དམག་མཚམས་འཇོག་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    འདི་ནི་ཟླ་12ཚེས་12ཉིན། ཉིའུ་གཡོད་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་78པའི་ཀྲུའུ་ཞི་ཏན་ཉི་སི·ཧྥུའུ་ལང་ཤིས་སི་ཡིས་ཛ་དྲག་གི་དམིགས་བསལ་ཚོགས་འདུར་གཏམ་བཤད་སྤེལ་བཞིན་པ།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།