དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • སྤྱི་བདེ་ལས་ཁུངས་ཀྱིས་པའེ་སུའོ་ཁྲེང་སོགས་འབར་མའི་བྱང་རྒྱུད་ཀྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ཚོགས་པའི་འགོ་གཙོ་10འཛིན་བཟུང་གི་བཀའ་རྒྱ་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-16

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་10ཉིན་གསར་འགོད་པར་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར། མིག་སྔར་འབར་མའི་བྱང་རྒྱུད་ཀྱི་རང་རྒྱལ་གྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་དང་འབྲེལ་བ་ཡོད་པའི་དུས་བབ་ཛ་དྲག་པའི་གནས་ཚུལ་ལ་དམིགས་ནས། ཉེ་ཆར་འབྲེལ་ཡོད་ཉེས་གསོག་གི་དཔང་རྟགས་ཁོང་དུ་ཆུད་པའི་རྨང་གཞིའི་ཐོག་ལེའོ་ཉིང་དང་། ཧྥུའུ་ཅན། ཁྲུང་ཆིང་སོགས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་པའེ་སུའོ་ཁྲེང་དང་། ཝུའེ་ཧོའེ་རེན། ལིའུ་ཀྲེང་ཞང་སོགས་འབར་མའི་བྱང་རྒྱུད་ཀྱི་ཀོ་ཀན་རང་སྐྱོང་ལྗོངས་ཀྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ཚོགས་པའི་འགོ་གཙོ་10ལ་བྱ་དགའ་ཡོད་པའི་འཛིན་བཟུང་བཀའ་རྒྱ་བཏང་བ་རེད།

    དུས་ཡུན་རིང་པོའི་ནང་། འབར་མའི་བྱང་རྒྱུད་ཀྱི་ཀོ་ཀན་རང་སྐྱོང་ལྗོངས་ཀྱི་ཁྱིམ་རྒྱུད་ཉེས་གསོག་ཚོགས་པ་མང་པོ་ཞིག་གིས་འཛེམ་བག་མེད་པར་ཁ་བསླུས་རྒྱག་ཡུལ་བཙུགས་ནས། ཀྲུང་གོའི་སྤྱི་དམངས་ལ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་བྱེད་སྤྱོད་སྤེལ་བ་དང་། དྲག་ཆས་ལ་བརྟེན་ཏེ་འཛེམ་བག་མེད་པར་ཁ་བསླུས་ལ་སྲུང་སྐྱོང་བྱས་པས། གནོད་འཚེ་ཚབས་ཆེན་བཟོས་ཡོད་ལ། མི་དམངས་མང་ཚོགས་ཀྱིས་ཀྱང་བསམ་འཆར་མང་པོ་འདོན་གྱི་ཡོད། འདི་ལོའི་ཟླ་11པར་རང་རྒྱལ་གྱི་སྤྱི་བདེ་ལས་ཁུངས་ཀྱིས་མིང་ཞུའེ་ཁྲང་བྱེད་གཏེར་བྱས་པའི་ཁྱིམ་རྒྱུད་ཉེས་གསོག་ཚོགས་པའི་འགོ་གཙོར་བྱ་དགའ་ཡོད་པའི་འཛིན་བཟུང་བཀའ་རྒྱ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།