དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་བརྟན་ཐོག་ལེགས་འཕེལ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-12-16

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་12ཚེས་13ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་གྱི“དུས་རབས་གསར་པ་དང་། མཚོ་སྔོན་གསར་པ། རྒྱང་ལམ་གསར་པ”བཅས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་རབ་དང་རིམ་པའི་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གི་ཆེད་དོན་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། འདི་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཁོངས་གཏོགས་ཀྱིས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་སྤྱི་འདོམས་དང་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་དམ་འཛིན་བྱ་གཞིར་བྱས་པས་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ལ་བརྟན་ཐོག་ཡར་འཕེལ་དང་བརྟན་ཐོག་ལེགས་འཕེལ་གྱི་རྣམ་པ་ཐོན་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བརྟན་པོ་བྱས་ཡོད། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། ཞིང་ཆེན་ཡོངས་ཀྱི་ཐོན་ལས་དང་པོ་4.2%དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་7.8%འཕར་ཡོད། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་ཐོན་ལས་དང་པོ་4.5%དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་9%ཙམ་འཕར་རྒྱུ་རེད།

    མཚོ་སྔོན་ཞིང་ཆེན་གྱིས་འབྲུ་རིགས་བདེ་འཇགས་དང་རྨོ་ཞིང་སྲུང་སྐྱོང་ཐད་ཏང་སྲིད་འགན་འཁྲི་གཅིག་མཚུངས་དོན་འཁྱོལ་ནན་པོ་བྱས་པས་འབྲུ་རིགས་འདེབས་ཁྱོན་སྤྱི་ཆིང་ཁྲི་30.49ཟིན་པ་དང་། འབྲུ་རིགས་སྤྱིའི་ཐོན་འབབ་ཏུན་ཁྲི་116ལས་བརྒལ་བ། མུའུ་རེའི་ཐོན་ཚད་སྤྱི་རྒྱ་254.07ཟིན་པ་བཅས་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་སྐྱེད་ལ་སླར་ཡང་ལོ་ལེགས་བྱུང་བ་མ་ཟད། འབྲུ་རིགས་ཐོན་སྐྱེད་བརྟན་པོའི་ངང་འཕར་ཡོད། 《ས་མཐོའི་དབྱར་ཁ་དང་སྟོན་ཁའི་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཏོན་པ་དང་འབྲེལ་ཞིང་ཆེན་ཡོངས་སུ་མཐོངས་ཡངས་སྔོ་ཚལ་ཐོན་སྐྱེད་སོགས་ཀྱི་རྟེན་གཞི་312དང་། “ཤང་ཀང་དང་ཨའོ་མོན་ལ་མཁོ་འདོན་བྱེད་པའི”སྔོ་ཚལ་འདེབས་འཛུགས་རྟེན་གཞི་སྤྱི་ཆིང་1266.7བསྐྲུན་པ། སྔོ་ཚལ་རྟེན་གཞིའི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་2.67ཡན་བཅས་ཟིན་ནས་དབྱར་ཁ་དང་སྟོན་ཁའི་སྔོ་ཚལ་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཡོད། 2023ལོར་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལས་འགན་སྤྱི་ཆིང་ཁྲི་1.27ལེགས་སྒྲུབ་བྱས་པས་ཞིང་ཆེན་ཡོངས་ཀྱི་ཚད་གཞི་མཐོ་བའི་ས་ཞིང་བསྡོམས་འབོར་སྤྱི་ཆིང་ཁྲི་30.9ཟིན་ཡོད། “འབྲུ་རིགས་མིན”པའི་རྨོ་ཞིང་སྤྱི་ཆིང་ཁྲི་1.3བཅོས་སྒྲིག་དང་ཐང་རྒོད་དུ་ལུས་པའི་ས་ཞིང་ཚང་མ་བསྐྱར་སྦོལ་བསྐྱར་འདེབས་བྱས་ནས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་ཡོད། ཞིང་ལས་ཀྱི་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་དང་སོན་བཟང་ལེགས་འདེབས་དང་ཞིང་ལས་ལ་ལག་རྩལ་ཁྱབ་གདལ་གཏོང་ཚད་95%ཡན་ཟིན་ཡོད། འབྲུ་རིགས་དང་པད་ཁའི་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་དང་། མུའུ་བརྒྱ་སྟོང་ཁྲིའི་དཔེ་སྟོན་ས་ཞིང་628བསྐྲུན་པ། དཔེ་སྟོན་ཁྱབ་འགྱེད་ཀྱིས་གཞི་ཁྱོན་ཆེ་ལ་དོ་སྙོམས་ངང་ཐོན་འཕར་ཡོང་བར་སྣེ་ཁྲིད། མུའུ་རེའི་ཐོན་འབབ་མཐོ་རུ་གཏོང་བའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ཀྱི་ནུས་པ་སྔར་བས་ཆེ་རུ་བཏང་ཡོད།

    དེ་དང་ཆབས་ཅིག ནོར་ལུག་གསོ་ཚགས་རྟེན་གཞི་དང་སྐྱེ་ཁམས་འབྲོག་ར་བསྐྲུན་ནས་བོད་ལུག་གསོ་ཚགས་དང་འབྲི་གཡག“གསུམ་འཕར་གསུམ་འཚམ”སོགས་ཀྱི་གཉེར་སྤྱོད་ལག་རྩལ་མུ་མཐུད་ཁྱབ་གདལ་བཏང་ཡོད། སྔོན་དཔག་བྱས་ན། ལོ་མཇུག་ཏུ་ནོར་ལུག་བཤས་གཏོང་ཚད་མགོ་གྲངས་ཁྲི་217དང་ཁྲི་663སོ་སོར་ཟིན་ནས་དུས་མཚུངས་ལས་འཕར་རྒྱུ་ཡོད། ཉ་ལས་ཐོན་སྐྱེད་དང་བྲིན་ཚོང་ཡག་པོ་བྱུང་བས་ལོ་ཧྲིལ་པོར་ཞིང་ཆེན་ཡོངས་ཀྱི་ཆུ་ནང་ཐོན་རྫས་ཀྱི་ཐོན་འབོར་ཏུན་ཁྲི་1.9ཟིན་རྒྱུ་དང་ཉ་ཀའེ་ཙུན་གྱི་ཐོན་འབོར་གྱིས་རྒྱལ་ཡོངས་ཐོན་འབོར་གྱི་37.7%བཟུང་ནས་ཐོན་ཚད་བརྟན་པོ་དང་མཁོ་སྤྲོད་འགན་ལེན་གྱི་རྨང་གཞི་མུ་མཐུད་བརྟན་དུ་འགྲོ་རྒྱུ་རེད། 《མཚོ་སྔོན་ཞིང་ཆེན་གྱི་རེས་སྐོར་གསུམ་པའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས་དྲིལ་བསྒྲགས་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》དང《མཚོ་སྔོན་ཞིང་ཆེན་གྱི་རེས་སྐོར་གསུམ་པའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས་ཆ་འཕྲིན་མ་ལག་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)འགྲེམས་རྒྱུའི་སྐོར་གྱི་བརྡ་ཐོ》བཟོས་ནས་བཀྲམ་པ་དང་། 2023ལོར་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའ་སྤྲོད་ཚད་སྒོར་དུང་ཕྱུར་28.95ལས་བརྒལ་བ་དང་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས་དོན་འཁྱོལ་ནན་པོ་བྱས་ཡོད། ཐོན་འབབ་དམའ་བའི་ས་ཞིང་དང་རི་རྒོད་ཐང་རྒོད་སོགས་སུ་གཟན་རྩྭ་འདེབས་འཛུགས་འཕེལ་རྒྱས་གཏོང་བ་དང་། “འབྲུ་རིགས་གཟན་ཆས་སུ་བསྒྱུར་བ”དང“ཐོན་མཐོ་སྤུས་ལེགས་ཀྱི་རྩི་ཤིང་འབུ་སུ་ཧང་དཔེ་སྟོན”འདེབས་འཛུགས་རྣམ་གྲངས་སྤྱི་ཆིང་ཁྲི་4.7ལག་བསྟར། ཞིང་ཆེན་ཡོངས་ཀྱི་གཟན་རྩྭ་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་ཁྲི་15.3རྒྱུན་འཁྱོངས་བརྟན་པོ་ཡོང་བ། གཟན་རྩྭའི་འདེགས་སྐྱོར་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་བཅས་བྱས་ནས་འབྲོག་ལས་གཞན་སྒྱུར་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།