མཚོ་སྔོན་ཞིང་ལས་སུ་ཁྱབ་གདལ་གཏོང་བའི་ལག་རྩལ་གཙོ་བོ་དོན་ཐོག་ཏུ་འཁྱོལ་ཚད་95%ཡན་ཟིན་པ།
ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ལས་སུ་ཁྱབ་གདལ་གཏོང་བའི་ལག་རྩལ་གཙོ་བོ་དོན་ཐོག་ཏུ་འཁྱོལ་ཚད་འབྲུ་རིགས་བདེ་འཇགས་ཀྱི་ཧྲེང་ཀྲང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པའི་དཔྱད་ཞིབ་སྟོན་རྟགས་མ་ལག་ཏུ་བཅུག་ནས། གྲོང་ཁྱེར་དང་ཀྲོའུ་ཁག་གིས་ཞིང་ལས་སུ་ཁྱལ་གདལ་གཏོང་བའི་ལག་རྩལ་གཙོ་བོ་དང་གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་བའི་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་ཁ་གསབ་རྣམ་གྲངས་དུས་གཅིག་ཏུ་བཀོད་སྒྲིག་དང་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཞིང་ལས་སུ་ཁྱབ་གདལ་གཏོང་བའི་ལག་རྩལ་གཙོ་བོ་དོན་ཐོག་ཏུ་འཁྱོལ་ཚད་95%ཡན་ཟིན་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། གྲོང་གསེབ་དར་རྒྱས་ཁྲོད་ཀྱི་ཞིང་འབྲོག་ལས་ཚན་རྩལ་གྱི་འདེགས་སྐྱོར་གྱི་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད། ལོ་འགོར་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གིས་2023ལོའི་ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་ཁྱབ་གདལ་གཙོ་བོའི་སྣ་ཁ་88དང་ཁྱབ་གདལ་གཏོང་བའི་ལག་རྩལ་གཙོ་བོའི་མིང་གཞུང་69ཡོངས་བསྒྲགས་བྱས་ཤིང་། སྣ་ཁ་གཙོ་བོའི་ནང་ནོར་དང་། ལུག ཕག གཟན་ཆས། ཞོག་ཁོག པད་ཁ། གྲོ རྒྱ་སྲན། སྔོ་ཚལ་སོགས་ཚུད་ཡོད་པ་དང་། ཁྱབ་གདལ་གཏོང་བའི་ལག་རྩལ་གཙོ་བོར་འབྲི་གཡག་གི་སྤུས་ཚད་མཐོ་བའི་སྐྱེ་འཕེལ་དང་། ལུག་གི་འོ་ཐག་གཅོད་ཐབས། ཞོག་ཁོག་གི་གནོད་འབུ་སྔོན་འགོག་དང་ཚོད་འཛིན། པད་ཁའི་ཞིང་ནང་གི་གནོད་འབུ་སྔོན་འགོག་སོགས་ཀྱི་ལག་རྩལ་ཚུད་པ་དང་། ས་གནས་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ས་གནས་སོ་སོའི་སྣ་ཁ་གཙོ་བོ་དང་ཁྱབ་གདལ་གཏོང་བའི་ལག་རྩལ་གཙོ་བོའི་མིང་གཞུང་བཟོས་ནས་ཡོངས་བསྒྲགས་བྱས་པ་རེད།
ཞིང་ཆེན་རིམ་པའི་ཐོན་ལས་ཕྱོགས་སྒྱུར་ཞིབ་འཇུག་གསར་སྤེལ་ལས་སྟེགས(ལག་རྩལ་གལ་ཆེན་མཐུན་སྦྱོར་ཁྱབ་གདལ་ཚོགས་པ)དང་གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་རྣམ་གྲངས་ལ་བརྟེན་ནས་མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཀྲོའུ་8དང་རྫོང་32ཀྱིས་ཁྱབ་གདལ་གཏོང་བའི་ལག་རྩལ་གཙོ་བོའི་རྣམ་གྲངས་260ལྷག་ཙམ་བདམས་ནས་ཡོངས་བསྒྲགས་བྱས་པ་དང་། ཚོད་ལྟའི་དཔེ་སྟོན་རྟེན་གཞི་101བཙུགས་པ། ཚན་རྩལ་དཔེ་སྟོན་བྱེད་པོ་1800འདེམས་སྒྲུག་བྱས་པ། རྣམ་གྲངས་རོགས་སྐྱོར་དང་། ཞིང་ཆེན་ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་གཏོད་ལས་སྟེགས་ཀྱི་རིགས་གཅིག་མཁས་ཅན་གྱིས་སློབ་ཁྲིད་བྱེད་པ། ལྟ་སྦྱོང་སློབ་སྦྱོང་སོགས་ལག་རྩལ་ཞབས་ཞུར་བརྟེན་ནས་ལོ་འཁོར་གྱི་སྣ་ཁའི་རིགས་གཙོ་བོ་དང་ཁྱབ་གདལ་གཏོང་བའི་ལག་རྩལ་གཙོ་བོ་གཏན་འཁེལ་བྱས་པ་རེད།