དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་2024ལོའི་དགུན་སྒྲོལ་འདབ་ཆགས་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-12-16

    གསར་འགོད་པར་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་གྱི་ཁྱབ་ཁོངས་སུ་དགུན་སྒྲོལ་འདབ་ཆགས་ཁྱུ་ཚོགས་ཀྱི་གྲངས་འབོར་དང་། ཁྱབ་ཚུལ། སྲུང་སྐྱོབ་བྱས་ཚུལ། དེ་བཞིན་ཉེན་ཁ་བཟོ་བའི་རྒྱུ་རྐྱེན་གཙོ་བོ་བཅས་ཕྱོགས་ཡོངས་དང་། དུས་ཐོག གནད་སྨིན་བཅས་ཀྱི་སྒོ་ནས་ཁོང་དུ་ཆུད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་བྱ་རིགས་སྲུང་སྐྱོབ་ཀྱི་ཕན་འབྲས་དང་ལྷག་པའི་གནད་དོན་ལ་ཚན་རིག་དང་མཐུན་པའི་ཚོད་སྐོར་བྱེད་པ། དགུན་སྒྲོལ་འདབ་ཆགས་ལ་ལྟ་ཞིབ་ཚད་ལེན་གྱི་ལས་དོན་རྒྱུན་མཐུད་ངང་སྤེལ་བ་བཅས་ཀྱི་ཆེད། ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱིས2024ལོའི་དགུན་སྒྲོལ་འདབ་ཆགས་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་དོན་སྤེལ་འགོ་ཚུཊ་པ་རེད།

    བཀོད་སྒྲིག་ལ་གཞིགས་ན། 2024ལོའི་ཟླ་1ཚེས་5ནས་ཚེས་15ཉིན་བར། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་གོར་མོ་གཙང་པོ་དང་། ཁེ་ལུ་ཁེ་མཚོ། མཚོ་སྔོན་པོ། ཙོང་ཆུ། རྨ་ཆུའི་འབབ་རྒྱུད་སོགས་འདབ་ཆགས་རིགས་གནས་སྤོའི་བགྲོད་ལམ་གལ་ཆེན་གྱི་བརྟག་དཔྱད་བྱ་ཡུལ་16ལ་མཚོ་སྔོན་ཞིང་ཆེན་གྱི་དགུན་སྒྲོལ་འདབ་ཆགས་ལ་བརྟག་དཔྱད་བྱེད་པའི་ལས་དོན་སྤེལ་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི་དགུན་སྒྲོལ་འདབ་ཆགས་ལ་ལྟ་ཞིབ་ཚད་ལེན་བྱེད་པ་ནི་རྒྱལ་ཡོངས་ཀྱི་རི་སྐྱེས་སྲོག་ཆགས་དང་། དེའི་གནས་ཡུལ། འདབ་ཆགས་རིགས་ཀྱི་གནས་སྤོའི་ལམ་ཐིག་བཅས་ལ་ལྟ་ཞིབ་ཚད་ལེན་དང་ཚོད་སྐོར་བྱེད་པའི་མ་ལག་གི་འདེགས་སྐྱོར་གལ་ཆེན་ཞིག་རེད། རྒྱལ་ཡོངས་ཀྱི་འདབ་ཆགས་གནས་སྤོའི་བགྲོད་ལམ་བཞི་ཡི་ཁྲོད་མཚོ་སྔོན་ཞིང་ཆེན་ཁོངས་སུ་གནས་སྤོའི་ལམ་ཐིག་2ཡོད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་དགུན་སྒྲོལ་འདབ་ཆགས་རིགས་53གྱི་གནས་ཡུལ་གཙོ་བོ་ད་ཐེངས་ཀྱི་དགུན་སྒྲོལ་འདབ་ཆགས་ཀྱི་ལྟ་ཞིབ་ཚད་ལེན་བྱ་ཡུལ་དང་ལྟ་ཞིབ་ཚད་ལེན་བྱེད་ས་རེད། མཚོ་སྔོན་གྱིས་སྔོན་ལ་བརྟག་དཔྱད་བྱས་ནས། ས་གནས་ཁག་གི་དགུན་སྒྲོལ་འདབ་ཆགས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་མཐིལ་རྟོགས་བྱས་ཏེ། དུས་གཅིག་ཏུ་ལྟ་ཞིབ་ཚད་ལེན་ལག་རྩལ་དང་ཇུས་གཞི་ལག་ལེན་ནན་པོ་བསྟར་བ་དང་། ལག་རྩལ་ཚད་གཞི་དང་བྱེད་ཐབས་གཅིག་གྱུར་བཟོ་བ་བཅས་བྱས་ནས། ལྟ་ཞིབ་ཚད་ལེན་གྱི་ལས་དོན་ལེགས་སྒྲུབ་བྱས་རྗེས་དེའི་གཞི་གྲངས་དུས་ཐོག་ཏུ་གོང་འབུལ་ཞུས་ནས་ལྟ་ཞིབ་ཚད་ལེན་ལས་དོན་དུས་གཅིག་ཏུ་སྤེལ་ཐུབ་པའི་འགན་ལེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།