དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་མཚོ་ཤར་གྱིས་ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་གྱི་ནང་སྟོད་ཕུག་ལམ་ནུས་ཤུགས་ཡོད་རྒུས་སྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-12-16

    མིག་སྔར་མཚོ་སྔོན་ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་ཨར་སྐྲུན་གྱི་རྣམ་གྲངས་ཁག་བདེ་བླག་ངང་སྐྲུན་བཞིན་ཡོད་པ་དང་། ཀྲུང་གོ་ལྕགས་ལམ་ཅུས་བཅོ་བརྒྱད་པའི་ཚོགས་པ་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བའི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧུད་རིགས་རང་སྐྱོང་རྫོང་ནང་སྟོད་ཕུག་ལམ་དུས་ཚོད་དམ་འཛིན་གྱིས་སྐྲུན་བཞིན་ཡོད་པ་རེད། ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་ནི་ནུབ་བྱང་ས་ཁུལ་གྱིས་ལྷོ་ནུབ་དང་སྦྲེལ་བ་དང་ཧྭ་ནན་དང་སྦྲེལ་མཐུད་བྱེད་པའི་ལྕགས་ལམ་གྱི་བགྲོད་ལམ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་དུས་ཡུན་རིང་འབྲིང་གི་མྱུར་བགྲོད་ལྕགས་ལམ་དྲ་བའི“འཕྲེད་བརྒྱད་གཞུང་བརྒྱད”ཁྲོད་ཀྱི་ལན་ཀྲོའུ(ཟི་ལིང)ཀོང་ཀྲོའུ་ཡི་མྱུར་བགྲོད་ལྕགས་ལམ་ལམ་ཐིག་གི་གྲུབ་ཆ་ཞིག་ཀྱང་རེད།

    འདི་ནི་ཟླ་12ཚེས་14ཉིན་ཀྲུང་གོ་ལྕགས་ལམ་ཅུས་བཅོ་བརྒྱད་པའི་ཚོགས་པ་ཚད་ཡོད་ཀུང་སིའི་བཟོ་པས་ནང་སྟོད་ཕུག་ལམ་དུ་ཨར་སྐྲུན་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།