དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བར་བྱེད་པ།

    རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་སྐོར་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-12-16

    ཟླ་12ཚེས་11ཉིན་དང་ཚེས་12ཉིན། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་2023ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་། མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ། 2024ལོའི་དཔལ་འབྱོར་ལས་དོན་ལ་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་བཅས་བྱས་པ་རེད། རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཤིང་། ད་ཐེངས་ཀྱི་ཚོགས་འདུ་དེ་ང་ཚོས་ནུས་སེམས་གཅིག་སྒྲིལ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། གདེང་ཚོད་བརྟན་གཏོང་དང་གསར་འབྱེད་ཡར་བརྩོན་གྱིས་ཚོགས་འདུའི་ཐོག་བཏོན་པའི་ལས་འགན་ཆེན་པོ་དགུར་དམིགས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བར་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཁག་མངོན་འགྱུར་ཧུར་ཐག་བྱས་ཐོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱ་སྤྱོད་དང་ཕན་འབྲས་དངོས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    “ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག‘ངེས་པར་དུ་བྱེད་དགོས་པ་ལྔ’བཏོན་ནས་ཆོས་ཉིད་ལ་ཕྱོགས་སྡོམ་དང་འབྱུང་འགྱུར་གྱི་བློ་སྒོ་ཕྱེ་ཡོད། ཚོགས་འདུའི་ཐོག་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་བརྟན་ཐོག་ཡར་འཕེལ་དང་། ཡར་འཕེལ་བརྟན་སྐུལ། སྔོན་འཛུགས་རྗེས་གཏོར་བཅས་མཐའ་འཁྱོངས་བྱས་ནས་སྔོན་དཔག་བརྟན་པོ་དང་། འཕར་སྣོན་བརྟན་པོ། ལས་ཞུགས་བརྟན་པོ་བཅས་ལ་ཕན་པའི་སྲིད་ཇུས་མང་ཙམ་འདོན་པ་དང་། འཕེལ་རྒྱས་གཏོང་སྟངས་སྒྱུར་བ་དང་། གྲུབ་ཆ་ལེགས་སྒྲིག སྤུས་ཚད་མཐོར་གཏོང་། ཕན་འབྲས་ཆེར་གཏོང་བཅས་ཀྱི་ཐད་ཡར་རྒྱས་ཧུར་ཐག་ཡོང་བར་བྱས་ནས་བརྟན་ཐོག་ཡར་འཕེལ་གྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས”རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་རིམ་པ་གཉིས་པའི་བརྟག་ཞིབ་པ་ཅིའུ་ལི་ཀྲེན་གྱིས། ང་ཚོས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་དུས་རབས་གསར་པར་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། “དོན་ཆེན་བཞི”དང“འཛུགས་གཏོད་བཞིར”དམིགས་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བ། སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ནང་མཁོ་རྒྱ་ཆེར་གཏོང་བ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཟབ་ཏུ་གཏོང་བར་སྤྱི་འདོམས། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྤྱི་འདོམས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྤྱི་འདོམས། དཔལ་འབྱོར་གྱི་གསོན་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་དང་། ཉེན་ཁར་འགོག་ཟོན་དང་སེལ་བ། སྤྱི་ཚོགས་ཀྱི་སྔོན་དཔག་ལེགས་སུ་གཏོང་བ། དཔལ་འབྱོར་འཕར་བའི་འཕེལ་ཕྱོགས་བཟང་པོ་སྲ་བརྟན་དང་སྟོབས་ཆེར་གཏོང་བ། དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་གྲངས་འབོར་ལུགས་མཐུན་ངང་འཕར་བར་རྒྱུན་མཐུད་སྐུལ་འདེད་གཏོང་བ། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ། སྤྱི་ཚོགས་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་རྨང་གཞི་བརྟན་པོ་འདིང་དགོས་པའི་བླང་བྱ་བཏོན་པ་རེད།

    ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུར་བསྟན་དོན། གཞི་ཆེའི་སྲིད་ཇུས་ཀྱི་དུས་འཁོར་ལས་ལྡོག་པ་དང་དུས་འཁོར་ལས་བརྒལ་བའི་སྙོམས་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས། དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་དང་བརྟན་ལ་སྐྱོན་བྲལ་གྱི་དངུལ་ལོར་གྱི་སྲིད་ཇུས་མུ་མཐུད་ལག་བསྟར་དང་། སྲིད་ཇུས་ཀྱི་ལག་ཆ་གསར་གཏོད་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་དགོས། རང་སྐྱོང་ལྗོངས་ནོར་སྲིད་ཐིང་སྔོན་རྩིས་ཁྲུའི་ཁྲུའུ་ཀྲང་ལིའུ་ཝུའུ་ཡིས། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། “རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་བཅོས་སྲིད་སྐྱོང་དང་ཁྱིམ་འཛིན་འབྱོར་སྐྱོང་བྱེད་པ་དང་། ནོར་སྲིད་སྡེ་ཚན་གྱིས་དོན་འཁྱོལ་གྱི་ལས་དོན་ཞིབ་ཕྲ་ཡག་པོ་སྒྲུབ་པའི”ཆབ་སྲིད་ཀྱི་ངེས་གནས་ཁོང་དུ་བརྟན་པོར་ཆུད་པར་བྱས་ནས། སང་ལོའི་ནོར་སྲིད་དོ་དམ་སྒྱུར་བཅོས་ལས་དོན་ཁག་ཏན་ཏིག་སྒྲུབ་ཀྱི་ཡིན། ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཆ་ལེགས་སྒྲིག་བྱེད་པའི་ཐད། གཙོ་གནད་འགན་ལེན་དང་སྤྱིར་བཏང་ལ་འཕྲི་བའི་ལས་དོན་དང་ལྷག་པར་དུ་གནས་སྐབས་རིང་མཁོ་སྤྲོད་དོ་མཉམ་ཙམ་ཡོད་པའི་གནས་ཚུལ་འོག་འཚོ་བ་སྐྱེལ་མཁས་པོ་རྒྱུན་འཁྱོངས་བྱས་ཏེ། བེད་སྤྱོད་ཀྱི་ལས་ཕྱོད་མཐོ་པོ་མེད་པ་དང་ལོ་ལྟར་ལག་བསྟར་འགོར་བ་སོགས་སྤྱིར་བཏང་རང་བཞིན་གྱི་རྣམ་གྲངས་ཀྱི་གཏོང་སྒོ་འཕྲི་ནས། ནོར་ཤུགས་དེ་བས་མང་བ་གཙོ་གནད་འགན་ལེན་དང་དམངས་འཚོ་ལེགས་སུ་གཏོང་བར་སྤྱོད་ཀྱི་ཡིན། རྒྱལ་ཁབ་ཀྱི་ལས་འགན་གལ་ཆེན་དང་ནོར་ཤུགས་འགན་ལེན་ལ་ཤུགས་སྣོན་རྒྱག་པར་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དང་དཔེ་བསྡུར་བྱས་ཏེ། བརྟན་པོ་འགན་ལེན་དང་། འཕེལ་རྒྱས་འགན་ལེན། སྐྱེ་ཁམས་འགན་ལེན། མཐའ་མཚམས་སྟོབས་ཆེར་གཏོང་བ་འགན་ལེན་བཅས་ལ་མུ་མཐུད་ཤུགས་བརྒྱབ་སྟེ་སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་པ་དང་གཙོ་གནད་སྒྱུར་བཅོས་དང་། རྣམ་གྲངས་གལ་ཆེན། ཁྱབ་ཁོངས་གལ་ཆེན་བཅས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་འབྲེལ། སྔོན་རྩིས་ཀྱི་ལས་ཕྱོད་དོ་དམ་སྔར་བས་ཟབ་ཏུ་བཏང་ནས་ནོར་སྲིད་ཀྱི་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། ཀྲུང་དབྱང་གིས་ཐུགས་ཁུར་དང་རྒྱལ་ཡོངས་ཀྱིས་རོགས་སྐྱོར་བྱས་པའི་དངུལ་ཚང་མ་གལ་འགངས་ཆེ་ས་དང་གནད་འགག་ཆེ་སར་སྤྱད་དེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་དང་འགན་ལེན་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

    ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུར་བསྟན་དོན། གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། གྲོང་གསེབ་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་བ། གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་བཅས་གཙོ་གནད་དུ་བཟུང་ནས། ཚན་རྩལ་དང་སྒྱུར་བཅོས་ཕྱོགས་གཉིས་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཞིང་པའི་འབབ་འཕར་ཐབས་ལམ་ལ་ཤུགས་སྣོན། སྟོབས་ཤུགས་གཅིག་སྒྲིལ་གྱིས་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་བྱ་བ་དངོས་ཁག་གཅིག་ཡག་པོ་སྒྲུབ་པར་དམ་འཛིན་ཡག་པོ་བཅས་བྱས་ཏེ། གནས་འཕྲོད་ལས་འཚམ་དང་ཞི་མཐུན་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས།

    ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྲིད་གཞུང་གིས་ཞང་ཧྲེང་ཞིང་འབྲོག་ལས་ཚན་རྩལ་ཀུང་སི་དང་གན་རྒྱ་འཇོག་པའི་མཛད་སྒོ་འཚོགས་ནས། རིག་ལྡན་ཞིང་ལས་རྣམ་གྲངས་མཉམ་དུ་གསར་སྤེལ་དང་འཛུགས་སྐྲུན་བྱས་པ་དང་། ཆུས་དེའི་རིག་ལྡན་སྔོ་ཚལ་སྤུས་ལེགས་ཐོན་སྐྱེད་རྟེན་གཞི་ཐོག་མ་བཙུགས་པས། སྣེ་གདོང་ཆུས་ཀྱི་ཞིང་ལས་དེང་རབས་ཅན་དང་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་མ་ནུས་ལྡན་ཐེབས་ཀྱི་རེད།

    སྣེ་གདོང་ཆུས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཆུས་ཀྲང་བསོད་ནམས་ཕུན་ཚོགས་ཀྱིས་རྣམ་གྲངས་ཀྱི་མདུན་ལམ་ལ་ཡིད་ཆེས་ཀྱིས་ཁེངས་ཤིང་། ཁོང་གིས། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུར་ཞིང་ལས་ཆེན་པོའི་ལྟ་བ་དང་བཟའ་བཅའ་ཆེན་པོའི་ལྟ་བ་བཙུགས་ནས་ཞིང་ལས་དེང་རབས་ཅན་གྱི་ཐོན་ལས་ཆེན་པོར་འགྱུར་བར་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད། ད་ཐེངས་ང་ཚོས་ཞང་ཧྲེང་ཞིང་འབྲོག་ཚན་རྩལ་ཀུང་སི་དང་མཉམ་ལས་གཏིང་ཟབ་བྱེད་པ་ནི་དེང་རབས་ཞིང་ལས་གླིང“ཚོད་ལྟའི་ཞིང་ཁར”བསྐྲུན་ནས། ཞིང་ལས་ཐོན་ལས་ཅན་གྱི་མ་དཔེ་ཞིག་མགྱོགས་མྱུར་ཆགས་པ་དང་། དེང་རབས་ཞིང་ལས་ཁྱབ་ཁོངས་སུ་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་ཞིག་བཏོད་དེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དང་། དེང་རབས་ཞིང་ལས་ཐོན་སྐྱེད་རྟེན་གཞི། བཟའ་བཅའི་ལས་སྣོན་ཁེ་ལས། ཞིང་འབྲོག་མང་ཚོགས་བཅས་ལ་མཉམ་ལས་དང་། འཕེལ་རྒྱས། ལས་ཞུགས་བཅས་ཀྱི་ཐབས་ལམ་ཡག་པོ་དེ་བས་མང་བ་གཏོད་པ་དང་། དེང་རབས་ཞིང་ལས་ཀྱི་དོན་ཆེན་དངོས་འབྲེལ་ཡག་པོ་སྒྲུབ་པ། བྱ་སྤྱོད་དངོས་ལ་བརྟེན་ནས་ཞིང་ལས་ཆེན་པོའི་ལྟ་བ་དང་བཟའ་བཅའ་ཆེན་པོའི་ལྟ་བ་ལག་ལེན་བསྟར་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་ཏེ། གནས་འཕྲོད་ལས་འཚམ་དང་ཞི་མཐུན་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དེ་བས་ཡག་པོ་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།