ཀྲི་པུས་སྣེ་ཁྲིད་དེ་གྲོང་མི་ཕྱུག་པོ་ཆགས་པ།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་གང་ཕྱོགས་གྲོང་ཚོའི་ཏང་ཀྲི་པུས་ས་ཆ་བོགས་མར་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་ཉེ་འཁོར་གྱི་ས་ཆ་མང་པོ་བེད་སྤྱོད་ཡག་པོ་བྱས་ནས་གྲོང་ཚོར་ལོ་ལྟར་ས་ཆ་བོགས་གཏོང་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་བྱུང་ཡོད། དེ་དང་ཆབས་ཅིག་གྲོང་མིར་ཉེ་འགྲམ་གྱི་གུར་ཀུམ་འདེབས་འཛུགས་རྟེན་གཞིར་ལས་ཀར་ཕྱིན་ནས་ཡོང་འབབ་གསོག་པར་ལྕག་སྐུལ་བྱས་ཤིང་། གྲོང་མི་ཁག་གཅིག་གིས་རྟེན་གཞི་ནས་གུར་ཀུམ་འདེབས་འཛུགས་ལག་རྩལ་ཤེས་རྗེས་སོ་སོས་བཏབ་ནས་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་གསར་པ་བཏོད་པ་རེད། འདི་ནི་གྲོང་མིས་གུར་ཀུམ་རྟེན་གཞིར་གུར་ཀུམ་ལ་ཐུམ་རྒྱག་སྟངས་སྦྱོང་བཞིན་པ།