དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལོ་ངོ་ཉི་ཤུ་བྱམས་ཀྱིས་བསྐྱངས། ཐོག་མའི་བསམ་འདུན་སྒྲུབ་པར་བྱེད།

    ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་ཡོན་ཀྲང་ནོར་བུ་སྒྲོལ་མའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-15

    1993ལོའི་ཟླ་7པར་ལས་ཀར་ཞུགས་པའི་ནོར་བུ་སྒྲོལ་མ་ད་ཆ་ཕྲུ་གུ་433གྱི་ཨ་མ་ཡིན་ཞིང་། ལོ་20ཡི་རིང་ཁོང་གིས་དྭ་ཕྲུག་དང་དབང་སྐྱོན་བྱིས་པ་ཚོར་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཆེན་པོ་ཞིག་བསྐྲུན་ཡོད།

    ཁོང་ནི་ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅི་ཡོན་ཀྲང་ནོར་བུ་སྒྲོལ་མ་རེད།

    2021ལོའི་ཟླ་7པར། དོག་སྡེ་བྱང་ལམ་གྱི་ཐེན་ཧའེ་རུའེ་ཞང་ལས་ཡུལ་གྱི་གད་སྙིགས་ནང་དབྱུགས་པའི་ཕྲུ་གུ་དམར་འབྱར་ཞིག་རྙེད་པ་དང་། ཕྲུ་གུའི་མཆུ་ཏོ་སྨུག་པོ་ཆགས་པ་དང་ལྟེ་ཁྲག་དོན་བཞིན་ཡོད།

    ནོར་བུ་སྒྲོལ་མས་དེ་མ་ཉིད་དུ་ཕྲུ་གུ་སྨན་ཁང་དུ་བསྐྱལ། སྨན་པས་བརྟག་དཔྱད་བྱེད་སྐབས་ཕྲུ་གུར་ནད་གཞི་ཚབས་ཆེན་ཕོག་འདུག་ཅེས་བཤད།

    ཕྲུ་གུ་སྨན་ཁང་ནས་དོན་རྗེས་ནོར་བུ་སྒྲོལ་མས་ཆེད་མངགས་ནད་གཡོག་བཀོད་སྒྲིག་བྱས་པ་དང་སྨན་པའི་མངགས་བྱ་ལྟར་ནད་གཡོག་ཧུར་ཐག་རྒྱུག་པ་མ་ཟད། ཆུ་ཚོད་24ཡི་རིང་གསོ་རླུང་བརྔུབས་སུ་བཅུག ད་ཆ་ཕྲུ་གུ་དེ་ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་ཁྱིམ་ཚང་12པའི་ཕྲུ་གུར་གྱུར་པ་དང་མིང་ལ་བསོད་ནམས་གཡུ་མཚོ་ཞེས་བཏགས།

    2022ལོའི་ཟླ་གསུམ་པར་བསོད་ནམས་གཡུ་མཚོ་སླར་ཡང་ན་ནས་སྨན་ཁང་དུ་ལུས་པ་དང་སྨན་པས་བརྟག་དཔྱད་བྱས་པ་བརྒྱུད་ས་མཐོར་མི་འཕྲོད་པ་དང་ཐ་ན་སྲོག་ལ་ཉེན་ཁ་ཡོད་ལུགས་བརྗོད།

    དུས་ཚོད་ནི་ཚེ་སྲོག་ཡིན་པས། ནོར་བུ་སྒྲོལ་མས་འཕྲལ་མར་ཁྲུན་ཧུའེ་ཐེབས་རྩ་ལྷན་ཚོགས་ཀྱི་འགན་འཁུར་བར་འབྲེལ་བ་བྱས་ནས་ཕྲུ་གུ་ལྗོངས་ཕྱིའི་སྨན་ཁང་དུ་སྐྱེལ་རོགས་ཞེས་བཤད། ཁྲུན་ཧུའེ་ཐེབས་རྩ་ལྷན་ཚོགས་ཀྱིས་ཕྲུ་གུའི་གནས་ཚུལ་ཤེས་རྗེས་ལྗོངས་ཕྱིའི་སྨན་ཁང་གི་རིགས་གཅིག་མཁས་ཅན་དང་འབྲེལ་བ་བྱས་ཏེ་ནད་བཅོས་པར་ཁྲིད།

    ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་ཕྲུ་གུ་ཕྱིར་སྨན་བཅོས་བྱེད་པར་གོ་རིམ་རབ་དང་རིམ་པ་བརྒྱུད་དགོས་ཀྱི་ཡོད། ནོར་བུ་སྒྲོལ་མས་འབྲེལ་ཡོད་སྡེ་ཚན་ནས་འབྲེལ་ཡོད་འགྲོ་ལུགས་གཉེར་བ་དང་ལས་དོན་མི་སྣ་གཉིས་ཧྲང་ཧའེ་རུ་མཉམ་དུ་བཏང་ནས་བསོད་ནམས་གཡུ་མཚོ་དྲག་སྐྱེད་མགྱོགས་མྱུར་ཡོང་བར་བྱས།

    ལོ་ངོ་ཉི་ཤུ་བྱམས་ཀྱིས་བསྐྱངས། ཐོག་མའི་བསམ་འདུན་སྒྲུབ་པར་བྱེད། ཏང་ཡོན་ཞིག་ཡིན་པའི་ནོར་བུ་སྒྲོལ་མས་ལོ་མང་རིང་ཕན་བདེ་ཁང་གི་བྱ་གཞག་ལྷག་བསམ་རྣམ་དག་ངང་བསྒྲུབས་པ་མ་ཟད། དབང་སྐྱོན་བྱིས་པར་ལྟ་རྟོག་གང་ཡག་བྱེད་ཀྱི་ཡོད། ཁོང་གིས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་བྱིས་པའི་ཕན་བདེའི་བྱ་གཞག་འཕེལ་རྒྱས་ལ་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པ་ཁོང་དུ་ཡང་དག་ཆུད་པར་བྱས་ནས“ཕྲུ་གུའི་ཆེད་དུ་ལས་དོན་ཐ་དག་སྒྲུབ་པའི”ཞབས་ཞུའི་དམིགས་ཚད་ལག་ལེན་བསྟར་ཏེ་ལས་ཀའི་བསམ་ཕྱོགས་དང་ལས་ཀ་བྱེད་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས་བྱིས་པའི་ཕན་བདེའི་བྱ་གཞག་ལ་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ཏེ་ཕྲུ་གུ་ཚོར་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།