དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་གྱི་ཐད་གཏོགས་ཚན་པ་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ནས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོར་གཏོང་དང་ནུས་ཤུགས་གཅིག་སྒྲིལ་ལ་སྐུལ་འདེད་བཏང་བ།

    ཏང་གཤིས་ལ་ཤུགས་སྣོན་དང་སྦྱོང་སྤྱོད་ཟུང་འབྲེལ་གྱིས་བྱས་རྗེས་གསར་པ་བཞག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-15

    བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། ལྷོ་ཁ་གྲོང་ཁྱེར་གྱི་ཐད་གཏོགས་ཚན་པ་ཁག་གིས“དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་པ་མ་ཟད། སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་གཏོད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་བཅས་ལ་ཤུགས་བརྒྱབ་སྟེ། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ལས་ཁུངས་ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་འགྱུར་བར་བྱས་པ་རེད།

    བློ་སྒྲིལ་སེམས་སྐྱེད་ཀྱི་རྨང་གཞི་ལེགས་པར་བཏིང་ནས་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱས་ཤིང་། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་ལྷོ་ཁ་གྲོང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་དུས་ཐོག་ཏུ་གྲོང་ཁྱེར(ཀྲུང་དབྱང་དང་རང་སྐྱོང་ལྗོངས)ཐད་གཏོགས་ཚན་པའི་རིམ་ཁག་ཏང་རྩ་འཛུགས་ཀྱི་ཏང་ཡོན་3000ཙམ་ལ《ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན》དང《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས་ཀློག་དེབ》སོགས་རིགས་8ཀྱི་སློབ་དེབ་ཁྲི་2.4ལྷག་ཙམ་སྤྲད་པ་མ་ཟད། “ལྷོ་ཁའི་ལས་ཁུངས་ཏང་འཛུགས་སྐྱོང”སྐད་འཕྲིན་སྤྱི་རྟགས་བརྒྱུད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྩོམ་ཡིག་གསར་པ་གལ་ཆེན་སོགས་ཀྱི་སློབ་སྦྱོང་དཔྱད་ཡིག་230ཙམ་སྤྲད་ཡོད། གྲོང་ཁྱེར(ཀྲུང་དབྱང་དང་རང་སྐྱོང་ལྗོངས)ཐད་གཏོགས་ཚན་པ་ཁག་གི་ཏང་རྩ་འཛུགས(ཏང་ཨུད)ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་ཐེངས་155འཚོགས་པ་དང་། ཀྲི་པུའུ་177གྱིས་“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”ལ་བརྟེན་ནས་སློབ་སྦྱོང་ཐེངས་458བྱས་པ་མ་ཟད། མི་481གིས་སྤེལ་རེས་གཏམ་བཤད་དང་ཏང་ཀྲི་པུའི་ཧྲུའུ་ཅིས་ཏང་གི་སློབ་ཚན་ཐེངས་55ཁྲིད་ཡོད།

    ལྷག་བསམ་རྣམ་དག་དང་འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་སྐྱེད་སྲིང་བྱས་ནས་བྱེད་ཐབས་སྣ་མང་བརྒྱུད་ནས་ཏང་གཤིས་བརྟན་དུ་བཏང་ཞིང་། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་བརྗོད་དོན་གཙོ་བོའི་སློབ་གསོའི“ཏང་གཤིས་བརྟན་གཏོང”གི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། ཏང་ཡོན་གྱི་སློབ་གསོ་དོ་དམ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་རྨང་གཞིའི་རང་བཞིན་དང་རྒྱུན་གཏན་རང་བཞིན་གྱི་ལས་དོན་ལ་བརྩིས་ནས་དམ་འཛིན་ཡག་པོ་དང་དམ་འཛིན་ཏན་ཏིག་བྱས་པ་མ་ཟད། ཏང་ཡོན་འཕེལ་རྒྱས་གཏོང་བའི་བྱེད་ཐབས་ཚད་ལྡན་དུ་བཏང་བ་དང་ཏང་ཞུགས་ཀྱི་གོ་རིམ་དང་ལས་ཀའི་སྒྲིག་ལམ་ནན་དུ་བཏང་སྟེ་ཏང་ཡོན་གསར་པ་37འཕེལ་རྒྱས་བཏང་ཡོད། ཏང་ཡོན་གྱི་སློབ་གསོ་དོ་དམ་བྱེད་ཐབས་ལ་ཤུགས་སྣོན་དང་ལེགས་སུ་བཏང་བ་དང་འབྲེལ། ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ལས་ཁུངས་ཀྱི་འདུ་ཤེས་སློབ་གསོ་དང་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་སློབ་གསོ་ཟུང་འབྲེལ་གྱིས་རིམ་པ་དབྱེ་བ་དང་། གཙོ་གནད་ཡོད་པ། ཕྱོགས་ཡོངས་སུ་ཁྱབ་པ་བཅས་ཀྱི་གསོ་སྦྱོང་བྱེད་སྒོ་སྤེལ་བ་རེད། གྲོང་ཁྱེར(ཀྲུང་དབྱང་དང་རང་སྐྱོང་ལྗོངས)ཐད་གཏོགས་ཚན་པའི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་། ཏང་དོན་ལས་དོན་པའི་ཆབ་སྲིད་སློབ་གསོ་གསོ་སྦྱོང་དང“ལས་ཁུངས་སུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དྲིལ་བསྒྲགས”ཀྱི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་ཤིང་། ཏང་ཡོན་འཕེལ་རྒྱས་གཏོང་ཡུལ་གྱི་གསོ་སྦྱོང་འཛིན་གྲྭ་ཐེངས་3གཉེར་ཏེ་ཏང་ཡོན་560ཙམ་གསོ་སྦྱོང་བྱས་ཡོད། གྲོང་ཁྱེར(ཀྲུང་དབྱང་དང་རང་སྐྱོང་ལྗོངས)ཐད་གཏོགས་ཚན་པ་ཁག་གིས་ས་གནས་དེ་གའི་གསར་བརྗེའི་ཐོན་ཁུངས་ཡག་པོ་སྤྱད་ནས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཁེ་གསུམ་བཤམས་སྟོན་ཁང་དང་། ལྷོ་ཁའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ། དམག་དཔོན་ཀྲང་གོ་ཧྭ་ཡིས་གཡུལ་སར་བཀོད་འདོམས་གནང་སའི་གནས་རྙིང་སོགས་གསར་བརྗེའི་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས་ཤིང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་ཁྱོན་191སྤེལ་བ་དང་ཏང་ཡོན་གྱིས“ཆབ་སྲིད་ཀྱི་སྐྱེས་སྐར”ཐེངས་9བཏང་ཡོད།

    ལྟེ་བར་ཞབས་ཞུའི་ལས་ཕྱོད་ཆེ་རུ་བཏང་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་གསར་པ་བཞག་ཅིང་། ལྷོ་ཁ་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་གཉིས་པའི་ཐོག་གཏན་འཁེལ་བྱས་པའི“ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དྲུག”གི་འབད་འཐབ་དམིགས་ཚད་གཞིར་བཟུང་། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་ཕུགས་ཀྱི་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་པ་དང་། གྲོང་ཁྱེར(ཀྲུང་དབྱང་དང་རང་སྐྱོང་ལྗོངས)ཐད་གཏོགས་ཚན་པས་ལྷོ་ཁ་གྲོང་ཁྱེར་གྱི“ལྗོངས་ཡོངས་ཀྱི་མདུན་གྲལ་སླེབས་པ་དྲུག”གི་དཔེ་བཟང་ལས་ཁུངས་ཀྱི་ཏང་རྩ་འཛུགས་འཛུགས་གཏོད་བྱེད་པའི་ལས་དོན་སྤེལ་རིང་། གྲོང་ཁྱེར་སྲིད་གཞུང་གཞུང་ལས་ཁང་དང་གྲོང་ཨུད་རྩ་འཛུགས་པུའུ་སོགས་ཚན་པའི་ཏང་རྩ་འཛུགས་4ལྷོ་ཁ་གྲོང་ཁྱེར་གྱི་ཁག་དང་པོའི“ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དྲུག”གི་དཔེ་བཟང་ལས་ཁུངས་འཛུགས་གཏོད་ཀྱི་ཏང་རྩ་འཛུགས་ལ་བདམས་པ་རེད། གྲོང་ཁྱེར(ཀྲུང་དབྱང་དང་རང་སྐྱོང་ལྗོངས)ཐད་གཏོགས་ཚན་པ་ཁག་གིས་ལྷོ་ཁ་གྲོང་ཁྱེར་གྱི“ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དྲུག”གི་དཔེ་བཟང་ལས་ཁུངས་ཀྱི་ཏང་རྩ་འཛུགས་འཛུགས་གཏོད་ཀྱི་དམིགས་ཚད་ལ་དམ་པོར་གཞིཌ་པ་དང་ལྟེ་བར་དམིགས་ནས་བྱས་རྗེས་གསར་པ་འཇོག་པར་བརྩོན་ལེན་ཧུར་ཐག་བྱས་ཤིང་། གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་རྣམ་གྲངས་འཛུགས་སྐྲུན་དང་གནད་དོན་གྲལ་བཤེར་དག་ཐེར་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་། མ་དངུལ་སྒོར་ཁྲི་693.74བཏང་ནས་གྲོང་གསེབ་ཀྱི་འཐུང་ཆུའི་ལས་གྲྭ་26བསྐྲུན་ཏེ་དུད་ཚང་2727གྱི་མང་ཚོགས་10861གིས་བློ་བདེའི་ཆུ་འཐུང་ཐུབ་པ་རེད། གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་ཁྲིད་སྟོན་བྱས་ཏེ་རྒྱ་ཚ་རྫོང་ངར་རབ་གྲོང་རྡལ་ར་ཀོ་དང་། ལ་སྒང་། ཟུར་སྣང་བཅས་གྲོང་ཚོ་3གྱི་མང་ཚོགས་ལ་སྒོར་ཁྲི་3.15རི་བའི་སྤུས་ལེགས་དགུན་གྲོའི་ས་བོན་རྒྱ་མ་9000ལྷག་ཙམ་སྤྲད་དེ། མི་རིགས་ཁག་གི་མང་ཚོགས་ཚོས་བརྗོད་དོན་གཙོ་བོའི་སློབ་གསོའི་རྣམ་པ་གསར་པ་དང་འགྱུར་ལྡོག་གསར་པ་དངོས་འབྲེལ་ཚོར་ཐུབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།