དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • རྣམ་གྲངས་འཛུགས་སྐྲུན་གྱི་ལས་ལ་བྲེལ། དམངས་འཚོའི་འདུ་འགོད་ལས་དྲོ་སྐྱིད་སྦྱིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-15

    ཉེ་ཆར། ཟངས་རི་རྫོང་གིས་2023ལོའི་དུས་ཚིགས་བཞི་པའི་རྣམ་གྲངས་གལ་ཆེན་གཅིག་སྡུད་ལས་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། གཡོད་དབྱང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པས་བོད་སྐྱོར་དངུལ་སྒོར་ཁྲི་3270ཟངས་རི་རྫོང་བྲག་དཀར་ལུང་ཤུར་གྱི་སྲིད་འཛིན་གྲོང་ཚོ་5པོ་ཡོངས་རྫོགས་གནས་སྤོའི་རྣམ་གྲངས་ཀྱི་བུ་བཅོལ་ཁང་དང་འཕྲོད་བསྟེན་ཁང་སོགས་སྤྱི་པའི་ལྷན་སྦྱར་རྨང་གཞིའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ཐད་སྤྱད་པ་དང་འབྲེལ། ཁེ་ལས་དང་འབྲེལ་མཐུད་ཧུར་ཐག་གིས་བོད་ལྗོངས་ཟངས་རི་རྫོང་ཡཱ་ཧྲེང་ཡོན་ཤིང་འབྲས་ལས་སྣོན་བཟོ་གྲྭའི་འཛུགས་སྐྲུན་རྣམ་གྲངས་མགྱོགས་མྱུར་དོན་འཁྱོལ་ལ་སྐུལ་འདེད་བཏང་ཡོད། འདི་ནི་ལས་འགོ་འཛུགས་པའི་མཛད་སྒོ་འཚོག་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།