དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་མངའ་རིས་ས་ཁུལ་གྱིས་སྤྱོད་ཚུལ་ནན་པོར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-12-15

    གསར་འགོད་པས་ཚེས་11ཉིན་གྱི་སྔ་དྲོར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི“མངའ་རིས་ས་ཁུལ་གྱི་སྤྱོད་ཚུལ་འཛུགས་སྐྱོང་བྱས་ཚུལ་དང་དེ་བཞིན་ཐོབ་པའི་གྲུབ་འབྲས”སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པ་ལྟར་ན། ད་ལོ་ནས་བཟུང་། མངའ་རིས་ས་ཁུལ་གྱིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་བས། ཏང་ཡོན་ལས་བྱེད་པའི་བསྡུར་སློབ་སྙེག་བརྒལ་དང་སྔོན་གཏོད་ལེགས་བརྩོན་གྱི་ལས་སྒྲུབ་དང་ལས་གཏོད་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་དེ་དངོས་སྒྲུབ་འགན་ཁུར་གྱིས་འཕེལ་རྒྱས་དོན་གཉེར་བྱེད་པའི་ཐུན་མོང་གི་ངོས་འཛིན་བྱེད་ཤུགས་ཆེ་རུ་ཕྱིན་ཡོད། འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར་མངའ་རིས་ས་ཁུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་151.2%འཕར་ནས་འཕར་ཚད་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། བཟོ་ལས་ཀྱི་འཕར་ཐང་འཕར་ཚད་24.3%ཟིན་ནས་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།