དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་མདའ་བཞི་རྫོང་གིས“ཆུང་གྲས་དྲུག”གི་ཐག་གཅོད་བྱེད་ཐབས་སྤྱད་དེ་སྣ་མང་མཉམ་བཅོས་ཀྱི་ཁྱབ་ཁོངས་ཆེ་རུ་གཏོང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-12-15

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདའ་བཞི་རྫོང་གིས་གཞི་རིམ་ཏང་འཛུགས་སྐྱོང་དང་གཞི་རིམ་བཅོས་སྐྱོང་སྦྲེལ་མཐུད་ནུས་ལྡན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”ལ་དམིགས་ནས་གཞི་རིམ་བཅོས་སྐྱོང་བྱས་ཏེ་འགལ་ཟླ་དང་རྩོད་གཞི“ཆུང་གྲས་དྲུག”གི་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་དང་ཁྱབ་གདལ་བཏང་སྟེ་རྒྱུན་གཏན་གྱི“གནད་དོན་ཆུང་ས”ནས་དམངས་འཚོའི“གནད་དོན་ཆེན་པོ”ཐག་གཅོད་བྱེད་པའི་ལས་ཀའི་འདུ་ཤེས་ལ་བརྟེན་ནས་སྣ་མང་མཉམ་བཅོས་ཀྱི་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད།

    མངོན་མེད་རྐྱེན་ངན་ཆུང་གྲས“སྔ་པོ”ནས་སེལ་རྒྱུ་མངོན་གསལ་དོད་པར་བྱས་ཤིང་། “སྔ་ཙམ་འགོག་ཟོན་དང་ཆུང་ས་ནས་སེལ་བ”རྩ་དོན་དུ་བྱས་ཏེ་མཐུན་སྦྱོར་མཉམ་འགུལ་གྱི་གྲལ་བཤེར་བཀོད་པ་བཙུགས་ནས“ཕྱོགས་ལྔ་གཞི་གཅིག”གི་གྲལ་བཤེར་ལམ་སྲོལ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་དང་། མཉམ་འགུལ་ཤུགས་འདོན་ལ་བརྟེན་ནས་མངོན་མེད་རྐྱེན་ངན་ཆུང་ངུ་20ལྷག་ཙམ་ལ་ཚོད་འཛིན་ནན་པོ་བྱས་པ་རེད།

    རྩོད་གཞི་ཆུང་གྲས“མྱུར་པོར”བར་འདུམ་བྱེད་རྒྱུ་མངོན་གསལ་དོད་པར་བྱས་ཤིང་། “མ་བྱུང་སྔོན་འགོག་དང་གནད་དོན་ཚབས་ཆེར་མ་ཕྱིན་གོང་དུ་འདུམ་འགྲིག”གི་འདུ་ཤེས་ལ་བརྟེན་ནས་ཉིན་གཅིག་ལ་ཞིབ་འཇུག་བརྡར་གཅོད་གཅིག་དང་དོན་དག་གཅིག་ལ་ཐག་གཅོད་གཅིག་བྱེད་པའི་བྱ་ཐབས་སྤྱད་དེ་འགལ་བ་དང་རྩོད་གཞི་སྣ་ཚོགས་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་26ལ་གྲལ་བཤེར་བྱས་པ་དང་། 90%ཡན་དྲ་མིག་ཅན་གྱི་དྲ་རྒྱའི་ནང་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱས་པ་རེད།

    ཁོར་ཡུག་ཆུང་ངུ“མཉམ་འདྲེས”ལེགས་བཅོས་བྱེད་རྒྱུ་མངོན་གསལ་དོད་པར་བྱས་ཤིང་། གང་བྱུང་དུ་སྡོད་ཁང་རྒྱག་པ་དང་གང་བྱུང་དུ་འཛུགས་སྐྲུན་བྱེད་པ་སོགས་སྐྱེ་ཁམས་དང་ཁྱིམ་མཚེས་དང་འབྲེལ་བ་ཡོད་པའི་རྩོད་གཞི་ཐག་གཅོད་བྱ་རྒྱུ་དེ་ཁོར་ཡུག་བཅོས་སྐྱོང་དང་སྲུང་སྐྱོང་གི་སྤྱིའི་བླང་བྱར་བཅུག་ནས། རིམ་རྩིས་བྱས་ན་མང་ཚོགས་མི་ཐེངས་2000ལྷག་ཙམ་ལ་སྐུལ་སློང་བྱས་པ་དང་རྩྭ་ཐང་སྤྱི་ཆིང་3000གི་ཨ་བྲའི་གནོད་འཚེ་རང་འགུལ་ངང་བཅོས་སྒྲིག་བྱས་ཡོད།

    གནད་དོན་ཆུང་གྲས་ཐག་གཅོད“ཏན་ཏིག”བྱེད་རྒྱུ་མངོན་གསལ་དོད་པར་བྱས་ཤིང་། “གནད་དོན་གཅིག་དབྱེ་ཞིབ”ལ་བརྟེན་ནས“གནད་དོན་རིགས་གཅིག་ཐག་གཅོད”བྱས་ཏེ་ལག་བསྟར་ཐུབ་པ་དང་། ལག་བསྟར་ཏན་ཏིག ཕུགས་ལ་ཕན་པ་བཅས་ཀྱི་ལམ་ལུགས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བས་འགལ་བ་དང་རྩོད་གཞི་ཐོན་པའི་ཉེན་ཁ་ནུས་ལྡན་ངང་ཆུང་དུ་ཕྱིན་ཡོད།

    གྱོད་གཞི་ཆུང་གྲས་ལ་ཞིབ་གཅོད“བརྟན་པོ”བྱེད་རྒྱུ་མངོན་གསལ་དོད་པར་བྱས་ཤིང་། “གཏན་འཁེལ་ལྔ་དང་འགན་ལེན་གསུམ”གྱི་ལས་ཀའི་ལམ་སྲོལ་ལག་ལེན་བསྟར་ནས“རིམ་མཚུངས་ཀྱི་མཉམ་འབྲེལ་འདུམ་གཅོད”དང“གོང་འོག་གི་མཐུན་སྦྱོར་འདུམ་གཅོད”ཀྱི་མཉམ་འགུལ་ཐག་གཅོད་བྱེད་སྟངས་བཟོས་ཏེ་གྱོད་གཞིར་འགན་ལེན་བརྟན་པོ་བྱས་ནས་རིགས་ཁག་གི་གྱོད་གཞི་50ལྷག་ཙམ་ཐག་གཅོད་བྱས་ཡོད།

    དགོས་མཁོ་ཆུང་གྲས“གནད་ཁེལ”སྐོང་རྒྱུ་མངོན་གསལ་དོད་པར་བྱས་ཤིང་། མང་ཚོགས་ཀྱི་རེ་ཞུའི་རིགས་ཁག་ལ་དམིགས་ནས་རིགས་དབྱེ་ཟླ་སྒྲིལ་དང་། དགོས་མཁོ་ལྟར་ཐོ་འགོད། ཏང་ཡོན་གྱིས་རང་འགུལ་ངང་རྩིས་ལེན་བཅས་ཀྱི་བྱེད་སྟངས་ལ་གཞིགས་ནས་མང་ཚོགས་ཀྱི་རེ་ཞུ་སྣ་ཚོགས་ཐེངས་གྲངས་80ལྷག་ཙམ་ཐག་གཅོད་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།