དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་རང་སྐྱོང་ལྗོངས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི“ལེགས་པོ་ལྔའི་ལས་གཞིའི”སྐབས་བརྒྱད་པའི་བྱ་དགའ་སྤྲོད་པའི་མཚན་ཚོགས་ལྷ་སར་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-15

    དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ནུས་ལྡན་དང་། ལྗོངས་ཡོངས་ཀྱི་རྒྱ་ཆེའི་རིག་རྩལ་ལས་དོན་པས་བརྩེ་སེམས་ཟོལ་མེད་བཅངས་ཏེ་དུས་རབས་རླབས་པོ་ཆེ་མཚོན་པར་ལྕག་སྐུལ། བོད་ཀྱི་རིག་རྩལ“ས་མཐོ”ནས“ཡང་མཐོའི”ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ཚེས་12ཉིན་གྱི་དགོང་མོར་ལྷ་སར་བོད་རང་སྐྱོང་ལྗོངས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི“ལེགས་པོ་ལྔའི་ལས་གཞིའི”སྐབས་བརྒྱད་པའི་བྱ་དགའ་སྤྲོད་པའི་མཚན་ཚོགས་གཉེར་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡུང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཀྲ་ཤིས་ཟླ་བ་བཅས་མཚན་ཚོགས་སུ་ཕེབས་པ་དང་འབྲེལ་བྱ་དགའ་ཐོབ་མཁན་གྱི་འཐུས་མིར་བྱ་དགའ་ཡང་གནང་བ་རེད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་རིག་རྩལ་འཐབ་ཕྱོགས་ཁོངས་གཏོགས་ཀྱིས་དུས་རབས་ཀྱི་སྙིང་སྟོབས་དང་བོད་ཀྱི་ཁྱད་ཆོས་མཚོན་པའི་རིག་རྩལ་བརྩམས་ཆོས་ཕུལ་བྱུང་ཁག་གཅིག་གསར་རྩོམ་བྱས་ཤིང་། སྔོན་ཐོན་མི་སྒེར་དང་བརྩམས་ཆོས་ཕུལ་བྱུང་ཁག་གཅིག་ཐོན་ནས་རང་ལྗོངས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་བོད་རང་སྐྱོང་ལྗོངས་ཀྱི་བསམ་པའི་དཔལ་ཡོན་གྱི“ལེགས་པོ་ལྔའི་ལས་གཞིའི”སྐབས་བརྒྱད་པའི་བྱ་དགའ་ཐོབ་པའི་བརྩམས་ཆོས་30དང་རྒྱལ་ཡོངས་རང་བཞིན་གྱི་རྒྱུན་བཙུགས་རིག་རྩལ་བྱ་དགའ་ཐོབ་པའི་བརྩམས་ཆོས་ལ་གཟེངས་བསྟོད་བྱ་རྒྱུའི་གཏན་འབེབས་བྱས་ཤིང་། དེ་ནི་ཉེ་བའི་ལོ་ཤས་རིང་ལྗོངས་ཡོངས་ཀྱི་རིག་རྩལ་གོང་འཕེལ་དང་དར་རྒྱས་ལ་ཕྱོགས་ཡོངས་ནས་མྱོང་རོལ་བྱེད་ཐེངས་ཤིག་ཡིན་ལ། གསར་རྩོམ་པ་དང་། འཁྲབ་སྟོན་པ། སྒྲིག་འཛུགས་པ་བཅས་ལ་གཟེངས་བསྟོད་བྱས་པ་ཞིག་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།