དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲེ་ཅང་གི་རིག་གནས་དང་ཡུལ་སྐོར་གྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཕ་རི་སིར་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-12-15

    ཉེ་ཆར་ཀྲེ་ཅང་གི་རིག་གནས་དང་ཡུལ་སྐོར་གྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཧྥ་རན་སེའི་ཕ་རི་སིའི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་འགོ་ཚུགས་པ་དང་། འགྲེམས་སྟོན་དང་རིག་གནས་ཉམས་ལེན་བྱེད་སྒོས་ཧྥ་རན་སེའི་དམངས་ཚོགས་དེ་གར་ཡོང་བའི་ཡིད་དབང་བཀུག་ཡོད་པ་རེད།

    ད་ཐེངས་ཀྱི་འགྲེམས་སྟོན་དེ་ཕ་རི་སིའི་ཀྲུང་གོའི་རིག་གནས་ལྟེ་གནས་དང་ཀྲེ་ཅང་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་མཉམ་དུ་གཙོ་གཉེར་བྱས་པ་དང་2024ལོའི་ཟླ་དང་པོ་བར་རྒྱུན་མཐུད་རྒྱུ་རེད། འགྲེམས་སྟོན་ནང་ཀྲེ་ཅང་ཞིང་ཆེན་གྱི་ཇ་ལོ་དང་། རྫ་ཆས། དར་གོས་བཅས་བརྗོད་དོན་གཙོ་བོར་བྱས་ནས། ཀྲུང་གོའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་འཛམ་གླིང་གི་གྲགས་ཅན་ཇུས་འགོད་པའི་བརྩམས་ཆོས་དང་དེ་བཞིན་ཀྲུང་གོའི་རྟེན་མཛོད་ཁང་གི་ཉར་ཚགས་དངོས་པོ་སོགས་རིམ་པ་མཐོ་བའི་འགྲེམས་རྫས་འགྲེམས་སྟོན་བྱས་པ་མ་ཟད། ཀྲེ་ཅང་ཞིང་ཆེན་གྱི་དར་གོས་དང་། ཇ་ལོ། རྫ་ཆས་བཅས་ཀྱི་གཏིང་ཟབ་པའི་རིག་གནས་ནང་དོན་མངོན་པར་བྱས་ཡོད།

    ཀྲེ་ཅང་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་ཧུའུ་ཝུའེ་ཡིས་ས་གནས་ས་ཐོག་ཏུ་ངོ་སྤྲོད་བྱས་དོན། ཀྲེ་ཅང་ཞིང་ཆེན་ནི་ཇ་ལོ་དང་། དར་གོས། རྫ་ཆས་བཅས་ཐོན་ཡུལ་གཙོ་བོ་ཞིག་ཡིན་ལ། མཚོ་ཐོག་དར་གོས་ལམ་བུའི་འགོ་འཛུགས་ས་གལ་ཆེན་ཞིག་ཀྱང་ཡིན་པས། ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཚོང་དོན་དང་ཤེས་དཔལ་ཕན་ཚུན་སྤེལ་རེས་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད།

    འཛམ་གླིང་ཡུལ་སྐོར་མནའ་འབྲེལ་གྱི་ཀྲུའུ་ཞི་གཞོན་པ་ཤུས་ཕོང་གིས་འགོ་ཚུགས་མཛད་སྒོའི་ཐོག ད་ཐེངས་ཀྱི་འགྲེམས་སྟོན་ནི་ཀྲེ་ཅང་ཞིང་ཆེན་གྱི་ཕུལ་བྱུང་རིག་གནས་ཀྱི་དེང་རབས་འགྲེམས་སྟོན་དང་གསར་གཏོད་ཀྱི་མཚོན་ཚུལ་ཞིག་རེད་ལ། ཀྲུང་གོ་དང་ཧྥ་རན་སེས་ལག་གདང་སྦྲེལ་ནས་ཤེས་དཔལ་སྤེལ་རེས་བྱེད་པར་སྐུལ་འདེད་གཏོང་བ་དང་འཛམ་གླིང་འཆམ་མཐུན་མཉམ་ལས་ཀྱི་ལེའུ་གསར་པ་མུ་མཐུད་རྩོམ་པའི་ནང་དོན་གལ་ཆེན་ཞིག་དེ་བས་རེད། ཧྥ་རན་སེའི་གྲོགས་པོ་ཚོས་ཀྲུང་གོས་ཚོད་ལྟའི་ངང་རྒྱ་ཆེར་གཏོང་བའི་ཕྱོགས་རྐྱང་པའི་རྒྱལ་གྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ཀྱི་གོ་སྐབས་བཟང་པོར་བརྟེན་ནས། ཀྲུང་གོར་མང་ཙམ་བསྐྱོད་དེ་རྒྱལ་ཁབ་གཉིས་པོའི་རིག་གནས་དང་ཡུལ་སྐོར་སྤེལ་རེས་རྒྱ་ཆེར་གཏོང་བར་དགའ་བསུ་ཞུ་གི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།