དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཝེ་ཐེ་ནམ་དབར་གྱི་ཁ་ཞེང་སྨི་གཅིག་གི་ལྕགས་ལམ་ཐོག་ཨེ་ཤེ་ཡ་དབུས་མའི་རྒྱལ་སྤྱིའི་ཟོག་འདྲེན་དུས་གཏན་མེ་འཁོར་གཏོང་ཐེངས་4200ལས་བརྒལ་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-12-15

    ཚེས་11ཉིན་ཀྲུང་གོ་ལྕགས་ལམ་ཁུན་མིང་ཅུས་ཚོགས་པ་ཚད་ཡོད་ཀུང་སིས་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན། ཚེས་10ཉིན་བར་ཀྲུང་གོའི་ཁེ་ཡོན་ནས་ཝེ་ཐེ་ནམ་གྱི་ཧའེ་ཕུང་དབར་གྱི་ཁ་ཞེང་སྨི་གཅིག་གི་ལྕགས་ལམ་ཐོག་ཨེ་ཤེ་ཡ་དབུས་མའི་རྒྱལ་སྤྱིའི་ཟོག་འདྲེན་དུས་གཏན་མེ་འཁོར་གཏོང་ཐེངས་4200ལས་བརྒལ་བ་དང་རིམ་རྩིས་བྱས་ན་རྒྱལ་མཚམས་སྒྲོལ་བའི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་168ལྷག་ཙམ་ཟིན་ཡོད་པ་རེད།

    2017ལོའི་ལོ་མཇུག་ཏུ་ཀྲུང་གོ་དང་ཝེ་ཐེ་ནམ་ཕྱོགས་གཉིས་པོའི་ལྕགས་ལམ་དང་འགག་སྒོ་ལས་ཁུངས་སོགས་སྡེ་ཚན་མང་པོའི་མཉམ་འབྲེལ་སྐུལ་འདེད་འོག་ཨེ་ཤེ་ཡ་དབུས་མའི་རྒྱལ་སྤྱིའི་ཟོག་འདྲེན་དུས་གཏན་མེ་འཁོར་ཀྲུང་གོ་དང་ཝེ་ཐེ་ནམ་དབར་གྱི་ཁ་ཞེང་སྨི་གཅིག་གི་ལྕགས་ལམ་ལ་བརྟེན་ནས་གཏོང་གི་ཡོད་པ་རེད།

    འདི་ལོ་ཚུན། ཀྲུང་གོ་དང་ཝེ་ཐེ་ནམ་དབར་གྱི་ཁ་ཞེང་སྨི་གཅིག་གི་ལྕགས་ལམ་ཐོག་ཨེ་ཤེ་ཡ་དབུས་མའི་རྒྱལ་སྤྱིའི་ཟོག་འདྲེན་དུས་གཏན་མེ་འཁོར་གཏོང་ཚད་མང་དུ་ཕྱིན་ཏེ་ཉིན་རེར་མེ་འཁོར་2ནས་4བར་བརྟན་པོའི་ངང་བཏང་སྟེ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཁག་དབར་གྱི་དངོས་ཟོག་མགྱོགས་མྱུར་འཁོར་རྒྱུག་དང་བསྡུ་འགྲེམས་འགན་ལེན་ནུས་ལྡན་བྱས་པ་རེད།

    ཀྲུང་གོ་དང་ཝེ་ཐེ་ནམ་དབར་གྱི་ཁ་ཞེང་སྨི་གཅིག་གི་ལྕགས་ལམ་ཐོག་ཨེ་ཤེ་ཡ་དབུས་མའི་རྒྱལ་སྤྱིའི་ཟོག་འདྲེན་དུས་གཏན་མེ་འཁོར་གྱི་སྐྱེལ་འདྲེན་ལས་ཕྱོད་ཆེ་རུ་དང་སྤུས་ཚད་ལེགས་སུ་གཏོང་ཆེད། ཀྲུང་གོ་ལྕགས་ལམ་ཁུན་མིང་ཅུས་ཚོགས་པ་ཚད་ཡོད་ཀུང་སིས་ཟོག་འགྲེམས་ཀྱི་ལྷུ་ཚིགས་ཁག་མུ་མཐུད་ལེགས་སུ་བཏང་སྟེ་དངོས་ཟོག་འདོན་འཇུག་ལ་དམ་འཛིན་ཡག་པོ་བྱས་ནས་དུས་གཏན་མེ་འཁོར་དུས་ཐོག་ཏུ་གཏོང་ཐུབ་པའི་འགན་ལེན་བྱས་པ་དང་། མེ་འཁོར་རྒྱལ་མཚམས་ནས་མ་སྒྲོལ་གོང་དང་། རྒྱལ་མཚམས་ནང་འཛུལ་རྗེས་ཀྱི་ཞིབ་བཤེར་ཉམས་གསོ་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱོན་ཤོར་བའི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བསལ་ཏེ་ཟོག་འདྲེན་མེ་འཁོར་བདེ་འཇགས་ངང་འཁོར་སྐྱོད་ཐུབ་པར་བྱས་པ། རྒྱལ་མཚམས་ལས་སྒྲོལ་བའི་ལམ་བུ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་འགག་སྒོ་ལས་ཁུངས་དང་མཐའ་མཚམས་ཞིབ་བཤེར་སྡེ་ཚན་དང་མཉམ་ལས་ཧུར་ཐག་བྱས་ཏེ་ཆུ་ཚོད་24ཡི་རིང་འགག་སྒྲོལ་ཐུབ་པར་བྱས་པས་ཕྱིར་གཏོང་ནང་འདྲེན་དངོས་ཟོག་འགག་སྒོ་ལས་ཁུངས་ལ་སྙན་ཞུ་ཞིབ་བཤེར་གྱི་ལས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།