ཀྲུང་ཧྭ་མི་དམངས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་བོད་རང་སྐྱོང་ལྗོངས་ཀྱི་ཞིབ་འཇུག་རྟེན་གཞིའི་སྒོ་བྱང་བཀལ་བ།
ཉིན་ཤས་གོང་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས(རང་སྐྱོང་ལྗོངས་སྲིད་འཛིན་སློབ་གླིང)ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་བོད་རང་སྐྱོང་ལྗོངས་ཞིབ་འཇུག་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་གཉེར་བ་དང་འབྲེལ་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་འཚོགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 《ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་བོད་རང་སྐྱོང་ལྗོངས་ཀྱི་ཞིབ་འཇུག་རྟེན་གཞིའི་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》གཞིར་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི(རང་སྐྱོང་ལྗོངས་སྲིད་འཛིན་སློབ་གླིང)ལྗོངས་བབ་ཞིབ་འཇུག་ལྟེ་གནས་དང་། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་སུའོ། བོད་ལྗོངས་སློབ་ཆེན་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཞིབ་འཇུག་སུའོ། བོད་ལྗོངས་མི་རིགས་སློབ་ཆེན་མི་རིགས་ཞིབ་འཇུག་ཁང་། བོད་ལྗོངས་སྤྱི་ཚོགས་རིང་ལུགས་སློབ་གླིང་རིགས་པའི་གཞུང་ལུགས་ཞིབ་འཇུག་ཁང་བཅས་ཚན་པ་5ཞིབ་འཇུག་རྟེན་གཞིར་གཏན་འཁེལ་བྱས་ཤིང་། རྟེན་གཞི་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་བྱེད་པ་དང་། བོད་ཀྱི་དོན་དངོས་དང་ཟུང་འབྲེལ། ཤེས་ལྡན་པའི་ལེགས་ཆ་འདོན་སྤེལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་རྨང་གཞིའི་རིགས་པའི་གཞུང་ལུགས་ཀྱི་གནད་དོན་དང་དངོས་ཡོད་གནད་དོན་གལ་ཆེན་ཞིབ་འཇུག་ལ་ཤུགས་སྣོན། རིག་གཞུང་གི་གྲུབ་འབྲས་གལ་ཆེན་ཟམ་མི་ཆད་པར་འདོན་པ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་རིག་ནུས་ཀྱི་རྒྱབ་སྐྱོར་གལ་ཆེན་མཁོ་འདོན་བྱ་རྒྱུ་རེད།