དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་མཚོ་ནུབ་ཀྱིས་དམངས་འཚོའི“ཞིབ་འཇུག་བྱ་གཞིར”དམ་པོར་དམིགས་ཏེ་དམངས་གཉེར་ཁེ་ལས་འགྲན་ལམ་གསར་པར་སྐྱོད་པར་རམ་འདེགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-12-14

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཁེ་ལས་ཀྱི་གཞི་ཁྱོན་ཆུང་བ་དང་གཉེར་སྐྱོང་བྱེད་པོ་ཁ་ཐོར་སོགས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡིས“ཕྲན་ཚེགས་ཁེ་ལས་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་། ཆེད་ལས་ཁྲོམ་ར”བཅས་གཙོ་བོར་བྱས་པའི་ཚོང་སྐོར་ཁྲོམ་རས་ས་གནས་དེ་གའི་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་མངོན་གསལ་དོད་པའི་ཞན་ཆ་སེལ་བ་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་དམངས་འཚོའི“ཞིབ་འཇུག་བྱ་གཞིའི”གཙོ་གནད་དུ་བརྩིས་ནས་སྐུལ་འདེད་བཏང་བ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཚོང་ལས་འཁོར་རྒྱའི་ཁྲོམ་རའི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེ་རུ་བཏང་སྟེ་དམངས་གཉེར་ཁེ་ལས་འགྲན་ལམ་གསར་པར་སྐྱོད་པར་སྐུལ་འདེད་བཏང་ཡོད།

    མཚོ་ནུབ་ཀྲོའུ་ཡིས་དཔལ་འབྱོར་རྩ་འཛུགས་གསར་པ་དང་སྤྱི་ཚོགས་རྩ་འཛུགས་གསར་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་གྱི་ཇུས་གཞི་བཀྲམ་ནས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་གསར་བརྗེའི་ཚོང་ལས་འཁོར་རྒྱའི་ཁྲོམ་ར་བཏོད་པ་དང་། “ཕྲན་ཚེགས་ཁེ་ལས་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་། ཆེད་ལས་ཁྲོམ་ར”བཅས་ཀྱི་གཉེར་སྐྱོང་བྱེད་པོས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ནུས་ཟམ་མི་ཆད་པར་བཏོན་ནས་སྣེ་མང་ཅན་གྱི་ཞབས་ཞུའི“རྩ་འཛུགས་དྲ་བ”ཆགས་པ་དང“ཀྲི་པུའུ་ཆུང་ངུ”དང“མནའ་འབྲེལ་ཆེན་པོ”ཆགས་པར་སྐུལ་འདེད་བཏང་བ་དང་། “བཅར་འདྲི་ཆེན་པོ་དང་། གྲལ་བཤེར་ཆེན་པོ། བརྟག་ཞིབ་ཆེན་པོ། འགག་སྒྲོལ་ཆེན་པོ”བཅས་ཀྱི་གྲུབ་འབྲས་ཕྱོགས་སྒྱུར་བེད་སྤྱོད་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། ཚོང་ལས་འཁོར་རྒྱའི་ཚོང་ཚོགས་རྩ་འཛུགས་འཛུགས་པ་དང་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་རིགས་ཕྱོགས་བསྡུས་ཏང་ཨུད་མཉམ་དུ་འཛུགས་པའི་གནད་དོན་སེལ་བའི་ཐབས་ཇུས་གསར་གཏོད་དང་འདོན་པ་དང་། “སྒོར་ཐིག་བསམ་གཞིག”ལ་བརྟེན་ནས་ཚོང་ལས་འཁོར་རྒྱའི་ཁྲོམ་རར་སྐུལ་འདེད་གཏོང་བ། ཚོང་ཚོགས་ཀྱི་ཏང་འཛུགས་སྐྱོང་ཁུལ་གྱི་འབོད་སྐུལ་ནུས་པ་ཐོན་པ་བརྒྱུད་འཁོར་སྐྱོད་འགན་སྲུང་དང་མཉམ་སྐྲུན་མཉམ་སྤྱོད་སོགས་ཀྱི་ལམ་སྲོལ་དོན་འཁྱོལ་བཅས་བྱེད་དགོས་ལུགས་ཁ་གསལ་བཏོན་ཡོད།

    ཁྱབ་ཁོངས་མང་ཞིང་ལས་རྣམ་གསར་པའི་ཚོང་ཚོགས་རྩ་འཛུགས་བཙུགས་པ་དང་འབྲེལ་གཏེར་ལེན་ཁ་གྲོང་ཁྱེར་གྱི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ལས་རིགས(ཕྱོགས་བསྡུས)ཏང་ཨུད་འཛུགས་པར་མཆན་འགོད་བཀའ་ལན་ཡང་དུས་གཅིག་ཏུ་སྤྲད་ནས་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བ་དང་སྤེལ་རེས་དང་རོགས་རེས་བྱེད་པའི་ཞབས་འདེགས་ལས་སྟེགས་བཏོད་ཡོད། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ལས་རིགས་ཀྱི་ཕྱོགས་བསྡུས་ཏང་ཨུད་བཙུགས་པའི་རྨང་གཞིའི་ཐོག་ཁེར་རྐྱང་གིས་འཛུགས་པ་དང་མཉམ་འབྲེལ་གྱིས་འཛུགས་པ་སོགས་ཀྱི་རྣམ་པ་མང་པོ་སྤྱད་དེ་ཚོང་ཚོགས་ཀྱི་ཏང་རྩ་འཛུགས་འཛུགས་པར་དུས་ཐོག་ཏུ་སྐུལ་འདེད་བཏང་བ་དང་། ཏང་འཛུགས་སྐྱོང་དང་མཐུན་ཚོགས་འཛུགས་སྐྱོང་གཉིས་མཉམ་འདྲེས་མཉམ་སྤེལ་མཐའ་འཁྱོངས་ཀྱིས་ཚོང་ཚོགས་ཀྱི་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པ་བཏོན་ནས་དམངས་གཉེར་ཁེ་ལས་ཀྱིས་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་མོས་སེམས་ཆེ་རུ་གཏོང་བ། གཞུང་དྲང་ཁྲིམས་སྲུང་གིས་གཉེར་སྐྱོང་བྱེད་པ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ལས་གཉེར་བཅས་ལ་ཁྲིད་སྟོན་ཧུར་ཐག་བྱས་ཡོད།

    ཀྲོའུ་རིམ་པའི་འགོ་ཁྲིད་ལས་བྱེད་པས་དམངས་གཉེར་ཁེ་ལས་དང་ཚོང་ལས་མཐུན་ཚོགས་དང་འབྲེལ་གཏུག་བྱེད་པའི་ལས་ཀའི་ལམ་ལུགས་སོགས་འཛུགས་པ་དང་། སྲིད་གཞུང་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱིས་སྒོ་རྩར་བསྐྱོད་ནས་ཁེ་ལས་ཀྱི་དཀའ་ངལ་ཤེས་རྟོགས་དང་། ཁེ་ལས་ཀྱི་རེ་ཞུ་ཉན་པ། གནད་དོན་མཐུན་སྦྱོར་ཐག་གཅོད་བྱེད་རོགས་བཅས་བྱས་ནས“གདན་འདྲེན་པ”དང“ཕྱིར་སྐྱོད་པ”བརྒྱུད་སྲིད་གཞུང་དང་ཁེ་ལས་འབྲེལ་མཐུད་ཀྱི“ཐོགས་མེད་བགྲོད་ལམ”བཏོད་དེ་སྲིད་གཞུང་དང་དམངས་གཉེར་ཁེ་ལས་དབར་ལས་ཆོད་ཆེ་བའི་ཐད་ཀའི་འབྲེལ་གཏུག་ལམ་སྲོལ་ཆགས་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།