དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སི་ཁྲོན་དཀར་མཛེས་ཀྱི་དུང་དཀར་ལུང་ཤུར་མཛེས་ལྗོངས་ཁུལ་གྱི་གེགས་རྗེས་བསྐྱར་སྐྲུན་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-12-14

    ཟླ་12ཚེས་12ཉིན་དཀར་མཛེས་ཀྲོའུ་ལྕགས་ཟམ་རྫོང་དུ་གནས་པའི་རྒྱལ་ཁབ་ཀྱི་A5རིམ་པའི་ལུང་ཤུར་མཛེས་ལྗོངས་ཁུལ་དུང་དཀར་མཛེས་ལྗོངས་ཁུལ་གྱི་ས་ཆ་ཁ་ཤས་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་ནས་ཡུལ་སྐོར་རླངས་འཁོར་དང་པོར་བསུ་བ་ཞུས་ཡོད། དེ་ཐོག་ནས་ཧྲུའུ་ཏའོ་ཚོགས་པ་སི་ཁྲོན་ལམ་ཟམ་འགྲིམ་འགྲུལ་འཛུགས་སྐྲུན་ཚོགས་པས་སྐྲུན་འགན་འཁུར་བའི་དུང་དཀར་མཛེས་ལྗོངས་ཁུལ་གྱི་འགྲོ་ལམ་གེགས་རྗེས་བསྐྱར་སྐྲུན་གྱི་ལས་གྲྭ་བདེ་བླག་ངང་ལེགས་གྲུབ་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་མཚོན་པ་དང་། འགྲོ་ལམ་ཤར་བགྲོད་ནུས་པ་དང་གེགས་འགོག་གི་ནུས་པ་ས་ཡོམ་མ་བརྒྱབ་གོང་དང་བསྡུར་ན་ཧ་ཅང་ལེགས་སུ་ཕྱིན་པས་ཡུན་རིང་སྒོ་བརྒྱབ་པའི་དུང་དཀར་ལུང་ཤུར་གྱི་མཛེས་ལྗོངས་ཁུལ་དངོས་སུ་སྒོ་ཕྱེ་བ་མཚོན་ཡོད། འདི་ནི་གེགས་རྗེས་བསྐྱར་སྐྲུན་བྱས་པའི་དུང་དཀར་ལུང་ཤུར་མཛེས་ལྗོངས་ཁུལ་གྱི་ཀྱག་ཀྱོག་གི་གཞུང་ལམ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།