དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་བཟོ་ཚོང་དངུལ་ཁང་ཧ་སག་སི་ཐན་གྱི་མི་དམངས་ཤོག་སྒོར་གཙང་རྩིས་དངུལ་ཁང་ལས་གཉེར་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-14

    ཚེས་12ཉིན་ཀྲུང་གོ་བཟོ་ཚོང་དངུལ་ཁང(ཨ་ལ་མུའུ་ཐུའུ)མ་རྐང་ཀུང་སིས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོ་བཟོ་ཚོང་དངུལ་ཁང་ཧ་སག་སི་ཐན་གྱི་མི་དམངས་ཤོག་སྒོར་གཙང་རྩིས་དངུལ་ཁང་ལས་གཉེར་བྱེད་འགོ་ཚུགས་པའི་མཛད་སྒོ་དེ་ཉེ་ཆར་ཧ་སག་སི་ཐན་ཨ་ལ་མུའུ་ཐུའུ་གྲོང་ཁྱེར་དུ་གཉེར་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། བཟོ་ཚོང་དངུལ་ཁང་ཧ་སག་སི་ཐན་གྱི་མི་དམངས་ཤོག་སྒོར་གཙང་རྩིས་དངུལ་ཁང་ཧ་སག་སི་ཐན་ལ་གཞི་ཚུགས་པ་དང་འབྲེལ་ཨེ་ཤེ་ཡ་དབུས་མར་ཁྱབ་འགྱེད་བྱས་ནས། མ་དངུལ་འཕྲལ་གཡར་དང་། བུན་ལོར་འགྲེམས་སྤེལ། འཛིན་ལོར་མ་འཇོག ཉོ་ཚོང་ཚབ་སྒྲུབ། དངུལ་རྩའི་ཁྲོམ་རའི་ཉོ་ཚོང་སོགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་ཀྲུང་དབྱང་དངུལ་ཁང་རིགས་ཀྱི་སྒྲིག་གཞི་དང་། དངུལ་ཁང་སྒྲིག་གཞི། མ་དངུལ་དོ་དམ་ཀུང་སི། བདག་དབང་ཐེབས་རྩ་སོགས་ཨེ་ཤེ་ཡ་དབུས་མའི་ཁྲོམ་རའི་བྱེད་པོ་ཀྲུང་གོའི་ཁྲོམ་རར་ཞུགས་པ་དང་ཀྲུང་གོའི་སྒོ་དབྱེའི་ཁེ་སྤོགས་མཉམ་སྤྱོད་ཀྱི་དགེ་མཚན་ལྡན་པའི་ཐབས་ལམ་གཏོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།