དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-14

    ཚེས་12ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས“སྤུས་ཚད་མཐོ་བའི་ཞིབ་དཔྱོད་ཀྱི་འགན་སྒྲུབ་ཞབས་འདེགས་ཞུས་ནས‘དོན་ཆེན་བཞི’དང‘འཛུགས་གཏོད་བཞི’འགན་ལེན་བྱེད་པའི་བརྗོད་དོན་གཙོ་བོའི་ཞིབ་དཔྱོད་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

    རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཅན་ཁྲ་ཀྲང་ཤཱ་ཁེ་ཆིན་གྱིས་བོད་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི་བཅས་ཁག་གཅིག་དང་མཉམ་དུ་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་12309ཞིབ་དཔྱོད་ཞབས་འདེགས་ལྟེ་གནས་དང་12309མི་རིགས་མཐུན་སྒྲིལ་ཡར་ཐོན“གཡང་འཛོམས་ཐད་སྦྲེལ་ཁ་པར”ཚོམས་ཆེན་སོགས་ལ་ལྟ་སྐོར་བྱས་ནས་ཚང་མས་ཞིབ་དཔྱོད་ལས་དོན་ལ་ལྟ་སྐོར་དང་། ཤེས་རྟོགས། ཐུགས་ཁུར། རྒྱབ་སྐྱོར་བཅས་བྱེད་པ་དང་འབྲེལ་མི་དམངས་མང་ཚོགས་ཀྱིས་ཞིབ་དཔྱོད་ལས་ཁུངས་ལ་བཏོན་པའི་བླང་བྱ་གསར་པ་དང་རེ་སྒུག་གསར་པ་དུས་ཐོག་ཏུ་གོང་རིམ་ལ་ཞུ་བ་དང་། ཞིབ་དཔྱོད་ལས་དོན་ཐད་གནས་པའི་གནད་དོན་དང་མི་འདང་བའི་ཆ་དུས་ཐོག་ཏུ་དོན་པ། ཞིབ་དཔྱོད་ལས་དོན་ཁག་ཡག་པོ་སྒྲུབ་ཕྱིར་ཐབས་འདོན་ཇུས་འབུལ་ཧུར་ཐག་བཅས་བྱས་ནས་བོད་ཀྱི་ཞིབ་དཔྱོད་ལས་དོན་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཅེས་གསུངས་པ་རེད།

    དེ་རྗེས་འཚོགས་པའི་བཞུགས་མོལ་ཚོགས་འདུར་ཚང་མས་2023ལོའི་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་ནས་ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་དོན་གྱི་གྲུབ་འབྲས་ཁས་ལེན་གང་ལེགས་གནང་བ་མ་ཟད། བསམ་འཆར་དང་གྲོས་འགོ་ཡང་བཏོན་ནས《ལྗོངས་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་སྒྱུར་ཁྲིམས་འཛིན་བྱེད་སྒོའི“ཕན་འབྲས་གསུམ”གྱི་གདེང་འཇོག་རེའུ་མིག》བྲིས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།