འགོག་ཟོན་གྱིས། ས་ཆ་འདི་དག་ལ་ལྷགས་པ་རིམ་པ་བཅུ་རྒྱག་རྒྱུ་རེད་འདུག
ཟླ་12ཚེས་12ཉིན་གྱི་ཆུ་ཚོད་17ཙམ་ལ། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གནམ་གཤིས་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་སྟེ། ནུབ་ལྷགས་དྲག་པོའི་ཤུགས་རྐྱེན་དབང་གིས་སྔོན་དཔག་བྱས་ན། ཚེས་13ནས་19ཉིན་བར། མངའ་རིས་དང་། ནག་ཆུ། གཞིས་རྩེའི་ལྷོ་རྒྱུད་དང་ལྷོ་ཁའི་ལྷོ་རྒྱུད་བཅས་ལ་ལྷགས་པ་རིམ་པ་8ནས་9བར་རྒྱག་རྒྱུ་དང་། ས་ཆ་ཁ་ཤས་ལ་ལྷགས་པ་ཆེ་བ་རིམ་པ་10ཡན་རྒྱག་རྒྱུ་རེད་འདུག
ཡར་ཀླུང་གཙང་པོའི་རྒྱུད་དང་ཆབ་མདོའི་བྱང་རྒྱུད་ལ་ལྷགས་པ་རིམ་པ་6ནས་7བར་རྒྱག་རྒྱུ་དང་ས་ཆ་ཁ་ཤས་ལ་ལྷགས་པ་ཆེ་བ་རིམ་པ་8ཡན་རྒྱག་རྒྱུ། ཉིང་ཁྲི་དང་ཆབ་མདོའི་ལྷོ་རྒྱུད་ལ་ལྷགས་པ་ཆེ་བ་རིམ་པ་6ཙམ་རྒྱག་རྒྱུ་རེད་འདུག
གནམ་གཤིས་སྡེ་ཚན་གྱིས་གྲོས་འགོ་བཏོན་པར།
གཅིག དྲོད་ཁང་དང་གུར། དེ་བཞིན་ཕྱི་རོལ་དུ་བཀལ་བའི་དངོས་པོ་སོགས་བརྟན་དུ་གཏོང་བ་དང་། ཕྱི་རོལ་གྱི་ས་ཆ་མཐོ་སར་ལས་ཀ་བྱེད་མི་རུང་།
གཉིས། ལྷགས་པ་ཆེན་པོ་བརྒྱབ་པ་ལས་བྱེ་རླུང་ལྡང་བའི་གནམ་གཤིས་བསྟན་ཏེ། མིག་གི་མཐོང་ཚད་དང་འགྲིམ་འགྲུལ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པས། ངེས་པར་དུ་འགོག་ཟོན་ཡག་པོ་བྱེད་དགོས།
གསུམ། བོད་ཀྱི་ས་ཁུལ་མང་ཆེ་བ་སྐམ་ཤས་ཆེ་བས། ནགས་ཚལ་དང་། རྩྭ་ཐང་། གྲོང་ཁྱེར་བཅས་ལ་མེ་ཟོན་གྱི་ལས་དོན་ཡག་པོ་སྒྲུབ་དགོས།
བཞི། ལྷགས་པ་ཆེན་པོ་བརྒྱབ་པ་ལས་ཁྲོན་བོད་ལྕགས་ལམ་ལས་གྲྭར་ཤུགས་རྐྱེན་ཐེབས་སྲིད་པས། ངེས་པར་དུ་དོགས་ཟོན་བྱེད་དགོས།