དབུ་ཤོག
  • སྣུམ་བླུག་ས་འདིར་སྒོ་ཐེལ་བརྒྱབ་པ་མ་ཟད། ཆད་པ་འདི་འདྲ་བཅད་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2023-12-13

    གནས་ཚུལ་ཞིབ་ཕྲ།

    ད་ལོའི་ཟླ་11པར་ཆུ་ཤུར་རྫོང་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་སྣུམ་བླུག་ས་ཞིག་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱེད་སྐབས་ཤེས་རྟོགས་བྱུང་བར། ☟

    ①སྣུམ་བླུག་ས་དང་། མི། ཨར་པོ་རྒྱག་མཁན་བཅས་དབར་བདེ་འཇགས་ཀྱི་བར་ཐག་བཞག་མེད་པ།

    ②སྣུམ་བླུག་ས་དང་ཨར་པོ་རྒྱག་སའི་ལས་ཡུལ་དབར་ལ་བདེ་འཇགས་ཐོན་སྐྱེད་དོ་དམ་སྐོར་གྱི་གྲོས་ཡིག་བཞག་མེད་པ།

    ③སྣུམ་བླུག་སར་ཨར་པོ་རྒྱག་རིང་། བདེ་འཇགས་ཞིབ་བཤེར་དང་མཐུན་སྦྱོར་བྱེད་མཁན་གྱི་ཆེད་དོན་བདེ་འཇགས་མི་སྣ་མངགས་མེད་ལ། ཞིབ་བཤེར་གྱི་ཟིན་ཐོ་ཡང་མེད་པ།

    ④ཨར་པོ་རྒྱག་སར་ཚ་ལ་རྒྱག་པ་དང་ལས་ཀ་བྱེད་པའི་གནས་ཚུལ་ཡོད་ཀྱང་། ཞིབ་བཤེར་བྱས་པ་བརྒྱུད། མངོན་མེད་རྐྱེན་ངན་གྱི་ཞིབ་མཆན་གསལ་ཐོ་མེད་པ།

    གོང་གི་གནད་དོན་འདི་དག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས》ཀྱི་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་ཡིན་པར་དམིགས་ཏེ། གནས་སྐབས་སྣུམ་བླུག་མི་ཆོག་པ་དང་ཨར་པོ་རྒྱག་མི་ཆོག་པའི་བཀའ་བཏང་བ་དང་སྦྲགས་གྱོད་ཐོ་བཀོད་ནས་བརྟག་དཔྱད་བྱས་པ་རེད།

    ཐག་གཅོད་བྱས་འབྲས།

    སྣུམ་བླུག་ས་འདིའི་བྱེད་སྤྱོད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས》ཀྱི་དོན་ཚན་བརྒྱ་དང་བཅུ་མེད་བཞི་པའི་གཏན་འབེབས་ལས་འགལ་བས། ཆུ་ཤུར་རྫོང་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་གོང་གི་གཏན་འབེབས་གཞིར་བཟུང་། སྣུམ་བླུག་ས་འདིར་སྒོར་ཁྲི་ལྔ་ཡི་སྲིད་འཛིན་ཆད་པ་བཅད་པ་དང་། འགན་འཁུར་བ་གཙོ་བོར་སྒོར་ཁྲི་གཅིག་གི་སྲིད་འཛིན་ཆད་པ་བཅད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།