དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཡིས།

    བརྗོད་དོན་གཙོ་བོའི་སློབ་གསོར་བརྟེན་ནས་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-12-13

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཞིང་འབྲོག་དང་ཚན་རྩལ་ཅུས་ཀྱིས་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་ལེགས་སུ་གཏོང་བའི་ལོ་ལྔའི་བྱ་སྤྱོད་ཀྱི་གཙོ་གནད་ལ་དམིགས་ཏེ། ཞིང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད།

    འདི་ལོ་ནས་བཟུང་། མཚོ་བྱང་ཀྲོའུ་ཡི་གྲོང་ཚོ་100%ཡིས་ཞིང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་གཙང་སེལ་བྱེད་པ་དང་། ཀྲོའུ་ཡོངས་སུ་གྲོང་གསེབ་ཀྱི་བཙོག་ཆུ་གཙང་གསིང་སྒྲིག་བཀོད་དང་རྫབ་དོང་23བསྐྲུན་པ། གྲོང་ཚོ་43གྱི་འཚོ་བའི་བཙོག་ཆུ་ཚང་མ་བསྡུ་རུབ་གཙང་གསིང་བྱས་པ་དེས་ཀྲོའུ་ཡོངས་ཀྱི་གྲོང་ཚོའི་བསྡོམས་འབོར་གྱི་20.09%ཟིན་ཡོད། གྲོང་ཚོར་གཙང་སྦྲ་བྱེད་མཁན་1492བཀོད་སྒྲིག་བྱས་པ་དང་། གྲོང་རྡལ་གྱི་གད་སྙིགས་སྦས་ཡུལ་11བསྐྲུན་པ། གད་སྙིགས་བསྡུ་རུབ་སྒམ་1448བཀོད་སྒྲིག་བྱས་པ། ཁྱིམ་སྤྱོད་གད་སྙིགས་བླུགས་སྒམ་12839སྒྲིག་སྦྱོར་བྱས་པ། གད་སྙིགས་དབོར་འདྲེན་རླངས་འཁོར་198སྒྲིག་སྦྱོར་བྱས་ཡོད་པ་རེད། འདི་ལོ་ཀྲོའུ་ཡོངས་ཀྱིས་རིམ་རྩིས་བྱས་ན་ཞིང་འབྲོག་ཁུལ་གྱི་གད་སྙིགས་ཏུན་13343གཙང་སེལ་བྱས་པ་དང་། གྱང་རོ་དང་གང་བྱུང་དུ་བརྒྱབ་པའི་ཁང་པ་1015བཤིག་པ། ཚད་ལྡན་མིན་པའི་གད་སྙིགས་སྤུངས་ཡུལ་170ལ་བཅོས་སྒྲིག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།