དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་ནས་བཟོ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་བྱས་པ།

  • ཡོང་ཁུངས།  ​མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-12-13

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་12ཚེས་8ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་གྱི་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་བཟོ་འཕྲིན་ཐིང་གིས“ཐཱན་ཟུང”གི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་དང་བཟོ་འཕྲིན་ཁྱབ་ཁོངས་ཀྱི་ཐཱན་རྩེར་སོན་གྱི་བྱ་སྤྱོད་ཇུས་གཞི་དང་ནུས་རྒྱུ་ཟད་གྲོན་ཆེ་བའི་རྣམ་གྲངས་ཀྱི་དཀར་ཆག་གསལ་ཐོ་བཟོས་ཏེ་རྒྱལ་ཁབ་ཀྱི་གཙོ་གནད་ལས་རིགས་ཀྱི་ནུས་རྒྱུ་བསྲི་ཚགས་ཀྱི་ཚད་ཤིང་དང་བསྡུར་ནས། ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་གི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ཏེ“མཐོ་བ་གཉིས”ཀྱི་རྣམ་གྲངས་ཆོག་འཐུས་ཀྱི་འགག་སྒོ་ནན་སྲུང་དང་ལྗང་མདོག་བཟོ་སྐྲུན་མ་ལག་འཛུགས་རྒྱུར་མུ་མཐུད་སྐུལ་འདེད་བཏང་བས་བཟོ་ལས་ཅན་གསར་པའི་སྐྱེ་ཁམས་ཀྱི་གཞི་གདན་མངོན་གསལ་དོད་དུ་ཕྱིན་ཡོད།

    མཚོ་སྔོན་ཞིང་ཆེན་བཟོ་འཕྲིན་ཐིང་གིས་ནུས་རྒྱུ་བསྲི་ཚགས་དང་ཟད་གྲོན་ཆུང་དུ་དང་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་གཉིས་ཀའི་ཕན་འབྲས་ཆེ་རུ་གཏོང་རྒྱུ་དང་ལྗང་མདོག་བཟོ་སྐྲུན་མ་ལག་སྐྲུན་དགོས་པའི་བཟོ་འཕྲིན་པུའི་ཚད་གཞི་དང་བླང་བྱར་དམིགས་ཏེ་མཚོ་ཤར་བཟོ་ལས་ཁུལ་གྱི་དགོན་ལུང་ལྗང་མདོག་ཐོན་ལས་གླིང་དང་། མཚོ་སྔོན་གྱི་དབྱི་ཧྭ་རྫས་འགྱུར་བཟོ་ལས་ཚད་ཡོད་འགན་འཁྲི་ཀུང་སི། མཚོ་སྔོན་གྱི་ཀའོ་ཅིང་ཉི་ནུས་ཚན་རྩལ་ཚད་ཡོད་ཀུང་སི་སོགས་གླིང་ཁུལ་དང་ཁེ་ལས་ཀྱིས་2023ལོའི་རྒྱལ་ཁབ་ཀྱི་ལྗང་མདོག་བཟོ་སྐྲུན་མིང་ཐོར་རེ་ཞུ་བྱེད་རྒྱུར་ཁྲིད་སྟོན་རྒྱབ་སྐྱོར་བྱས་ནས། 2023ལོར་རྒྱལ་ཁབ་རིམ་པའི་ལྗང་མདོག་བཟོ་གྲྭ་10དང་། ལྗང་མདོག་བཟོ་ལས་གླིང་ཁུལ་1 ལྗང་མདོག་མཁོ་སྤྲོད་འཁོར་འབྲེལ་དོ་དམ་བྱེད་མཁན་ཁེ་ལས་1བཅས་སྐྱེད་སྲིང་བྱས་ཤིང་། ལྗང་མདོག་བཟོ་སྐྲུན་མ་ལག་བསྐྲུན་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་བཟོ་ལས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལྗང་མདོག་ཏུ་ཕྱོགས་སྒྱུར་ཡོང་བར་སྐུལ་མ་ནུས་ལྡན་ཐེབས་ནས“ཐཱན་ཟུང”གི་དམིགས་ཚད་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་ཡོད།

    ཐཱན་ཟུང”གི་དམིགས་ཚད་བཟོ་ལས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ་ཐོན་ཁུངས་གསར་སྤེལ་གཏིང་ཟབ་དང་ཕན་ནུས་ཆེན་པོས་བེད་སྤྱོད་ཐུབ་རྒྱུ་ཕན་ཚུན་གཅིག་གྱུར་དང་། སྐྱེ་ཁམས་སྲུང་སྐྱོང་དང་བཟོ་ལས་འཕེལ་རྒྱས་གཏོང་རྒྱུ་ཕན་ཚུན་མཐུན་སྦྱོར་ཡོང་བ་གལ་ཆེར་འཛིན་ནས་མཚོ་སྔོན་ཞིང་ཆེན་གྱི་བཟོ་ལས་དང་ཆ་འཕྲིན་ཅན་ཁྱབ་ཁོངས་ཀྱི་ཐཱན་རྩེར་སོན་ལས་དོན་གྱི་དམིགས་ཚད་དང་། གཞི་རྩའི་རྩ་དོན། འགྲུབ་རྒྱུའི་ཐབས་ལམ་བཅས་ཁ་གསལ་བཟོས་ཡོད། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་དང་མཉམ་དུ《མཚོ་སྔོན་ཞིང་ཆེན་གྱི་བཟོ་ལས་དང་ཆ་འཕྲིན་ཅན་ཁྱབ་ཁོངས་ཀྱི་ཐཱན་རྩེར་སོན་བྱ་སྤྱོད་ཀྱི་ཇུས་གཞི》བཀྲམ་པས། སྲོལ་རྒྱུན་གྱི་ཐོན་ལས་ལྗང་མདོག་ཕྱོགས་སྒྱུར་རིམ་སྤོར་གང་མགྱོགས་ཐུབ་ནས་བཟོ་ལས་ཁྱབ་ཁོངས་ཀྱི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་མ་ཐེབས་ཏེ་བཟོ་ལས་ཁྱབ་ཁོངས་ཀྱི་ཐཱན་ཟུང་ལས་དོན་སྔར་བས་ཡག་པོ་སྤེལ་བར་སྲིད་ཇུས་ཀྱི་རྒྱབ་སྐྱོར་བརྟན་པོ་བྱུང་ཡོད།

    ནོར་སྲིད་མ་དངུལ་གྱི་ཁྲིད་སྟོན་ནུས་པ་བཏོན་པས་ནུས་རྒྱུ་གྲོན་ཆུང་གི་གཙོ་གནད་ལས་གྲྭ་དང་། ལྗང་མདོག་བཟོ་སྐྲུན་གྱི་གཙོ་གནད་ལས་གྲྭ ཕྱོགས་བསྡུས་དཔེ་སྟོན་འཛུགས་གཏོད་རྣམ་གྲངས་34ལག་ལེན་བསྟར་རྒྱུར་རྒྱབ་སྐྱོར་བྱས་པས། ཚད་ལྡན་རྡོ་སོལ་ཏུན་ཁྲི་35.76དང་ཆུ་ཏུན་ཁྲི་10.84གྲོན་ཆུང་ཐུབ་པ་དང་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཏུན་ཁྲི་13.5ཐུབ་ནས་མཚོ་སྔོན་གྱི་བཟོ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་ཐེབས་ཡོད། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ཡོང་བའི་དམིགས་ཚད་ལ་དམིགས་ཏེ་ལྗང་མདོག་གི་ནུས་རྒྱུ་མཁོ་སྤྲོད་བྱེད་སྟངས་ལ་གཞི་ཚུགས་པའི་ཁར་རྡོ་སྣུམ་རྫས་འགྱུར་དང་། ལྕགས་དང་ངར་ལྕགས། མདོག་ལྡན། ཨར་སྐྲུན་རྒྱུ་ཆ་སོགས་ཀྱི་ལས་རིགས་ཀྱིས་མ་བཅོས་རྒྱུ་ཆའི་བཟོ་ལས་ཀྱི“ཐོན་རྫས་གསུམ”གྱི་ཇུས་གཞི་ལག་ལེན་གཏིང་ཟབ་བསྟར་ཏེ་ནུས་རྒྱུ་བསྲི་ཚགས་དང་ཐཱན་ཉུང་གཏོང་དང་། ལྗང་མདོག་བཟོ་སྐྲུན་ལ་སྐུལ་འདེད། ལྗང་མདོག་ཐོན་རྫས་གསར་སྤེལ་གང་མགྱོགས་བཅས་བྱས་ནས་མ་བཅོས་རྒྱུ་ཆའི་བཟོ་ལས་དང་ལས་སྣོན་ཞིབ་ཚགས་ཐོན་ལས་ཀྱི་འཁོར་འབྲེལ་རྨང་གཞི་བརྟན་དུ་བཏང་བས། ཞིང་ཆེན་ནང་ཁོངས་ཀྱི་མ་བཅོས་རྒྱུ་ཆའི་བཟོ་ལས་ཁེ་ལས་ཀྱི་ཐོན་ལས་འཁོར་རྒྱུག་དང་མཉམ་གནས་ཟམ་མི་ཆད་པར་རྒྱ་སྐྱེད་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།