དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཧྥ་རན་སེའི་རིགས་གཅིག་མཁས་ཅན་གྱིས།

    “ཐཱན་ཉུང་སྤྱི་ཚོགས་སུ་སྐྱོད་པའི་དཔལ་འབྱོར་ཕྱོགས་སྒྱུར”ལ་གྲོས་བསྡུར་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-12-13

    ཤིན་ཧྭ་གསར་འགྱུར་ཁང་ཧྥ་རན་སེའི་གྲོང་ཁྱེར་ལི་ཨང་ནས་གློག་འཕྲིན་འབྱོར་གསལ། ལི་ཨང་ཀྲུང་ཧྥ་སློབ་ཆེན་གསར་པའི་ཀྲུང་ཧྥའི་དཔལ་འབྱོར་གླེང་སྟེགས་སྐབས་གསུམ་པ་ཉེ་ཆར་ཧྥ་རན་སེའི་ལི་ཨང་དུ་གཉེར་བ་དང་། ཀྲུང་ཧྥའི་འཐུས་མི་200ཙམ་གྱིས་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ“ཐཱན་ཉུང་སྤྱི་ཚོགས་སུ་སྐྱོད་པའི་དཔལ་འབྱོར་ཕྱོགས་སྒྱུར། ཀྲུང་ཧྥའི་ཐག་གཅོད་ཇུས་གཞི”ལ་དམིགས་ནས་བགྲོ་གླེང་བྱས་པ་རེད།

    ཧྥ་རན་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལུའུ་ཧྲ་ཡེ་ཡིས་དེ་ཉིན་གླེང་སྟེགས་ཀྱི་འགོ་ཚུགས་ཤིས་ཚིག་སྒྲོན་སྐབས། ཀྲུང་ཧྥའི་འབྱུང་འཕྲོད་མཉམ་ལས་ལ་ཕྱོགས་གཉིས་པོའི་ཁྱབ་ཁོངས་ལས་བརྒལ་བའི་གོ་ལ་ཧྲིལ་པོའི་དོན་སྙིང་ལྡན་ཡོད། རྒྱལ་ཁབ་གཉིས་པོའི་འབྱུང་འཕྲོད་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་པ་དང་། གྲུབ་འབྲས་གཡུར་དུ་ཟ་བ། མི་མངོན་པའི་སྟོབས་ཤུགས་ཆེ་བ་བཅས་ཡོད་ཅེས་བརྗོད་པ་རེད།

    ལུའུ་ཧྲ་ཡེ་ཡིས་ཀྲུང་ཧྥའི་འབྱུང་འཕྲོད་མཉམ་ལས་ལ་རེ་བ་གསུམ་བཏོན་པ་སྟེ། གཅིག་ནས་རྒྱལ་ཁབ་གཉིས་པོའི་འབྱུང་འཕྲོད་ཕྱོགས་སྒྱུར་གྱི་གོ་སྐབས་ལ་དམ་འཛིན་བྱས་ནས་དྲང་གཞག་དང་། དྲང་བདེན། མཐོང་ཆུང་མིན་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་གློག་སྒུལ་རླངས་འཁོར་དང་འབྱུང་འཕྲོད་དངུལ་རྩ་སོགས་འབྱུང་འཕྲོད་ཚན་ཞིབ་དང་ཐོན་ལས་ཀྱི་་མཉམ་ལས་ལ་ཁོར་ཡུག་དེ་བས་ཡག་པ་གཏོད་པ་དང་། གཉིས་ནས་རྒྱལ་ཁབ་གཉིས་པོའི་འབྱུང་འཕྲོད་གྲོས་འགོ་དང་འཆར་འགོད་སྦྲེལ་མཐུད་བྱས་ནས་ཕན་ཚུན་ལེགས་ཆ་བཏོན་ཏེ་ཕྱོགས་གསུམ་པའི་ཁྲོམ་རའི་འབྱུང་འཕྲོད་མཉམ་ལས་དེ་བས་མང་བར་གྲོས་བསྡུར། གསུམ་ནས་དྲང་གཞག་དྲང་བདེན་གྱི་གཙོ་འགན་ཁུར་ནས་གོ་ལ་ཧྲིལ་པོའི་འབྱུང་འཕྲོད་ཕྱོགས་སྒྱུར་དང་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་ཆེད་དྲང་ནུས་སྣོན་པ་དང་ཇུས་གཞི་གསར་པ་མཁོ་འདོན། མི་མཐུན་པ་དང་འགལ་ཟླ་སེལ་བར་སྐུལ་འདེད་བཏང་སྟེ་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་མ་ལག་ཐུན་མོང་ཐོག་སྐྲུན་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།