དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱལ་ཁབ་དྲུག་ལ་རྒྱལ་གྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལག་ལེན་བསྟར་བའི་ཉིན་དང་པོར་མི་ཐེངས་2029ལ་སྟབས་བདེ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-12-13

    གསར་འགོད་པར་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་12ཚེས་1ཉིན་ཀྲུང་གོས་ཧྥ་རན་སེ་དང་། འཇར་མན། དབྱི་ཐ་ལི། ཧོ་ལན། སི་ཕེན། མ་ལེ་ཞི་ཡ་བཅས་རྒྱལ་ཁབ་6གི་རྒྱལ་གྲོལ་ལམ་ཡིག་དཀྱུས་མ་ཡོད་མཁན་ལ་རྒྱལ་གྲོལ་ཐོངས་མཆན་མི་དགོས་པའི་སྲིད་ཇུས་ལག་ལེན་བསྟར་བའི་ཉིན་དང་པོར་འབྲེལ་ཡོད་རྒྱལ་ཁབ་ཀྱི་མི་ཁྱོན་མི་ཐེངས་2029ཡིས་རྒྱལ་གྲོལ་ཐོངས་མཆན་མི་དགོས་པར་ཀྲུང་གོར་སླེབས་པ་ལས། རྒྱལ་ཁོངས་མ་ལེ་ཞི་ཡའི་མི་ཐེངས་1113གྱིས་རྒྱལ་གྲོལ་ཐོངས་མཆན་མི་དགོས་པར་རྒྱལ་མཚམས་སུ་འཛུལ་བ་དང་དེ་ནི་དེ་ཉིན་རྒྱལ་ཁབ་6གི་རྒྱལ་གྲོལ་ཐོངས་མཆན་མི་དགོས་པར་རྒྱལ་མཚམས་སུ་འཛུལ་མཁན་མང་ཤོས་ཀྱི་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁོངས་ཧྥ་རན་སེའི་མི་ཐེངས་227གྱིས་རྒྱལ་གྲོལ་ཐོངས་མཆན་མི་དགོས་པར་རྒྱལ་མཚམས་སུ་འཛུལ་བ་དང་དེ་ནི་དེ་ཉིན་རྒྱལ་ཁབ་6གི་ཁྲོད་ཉིན་གཅིག་གི་སྔོན་ལ་ཀྲུང་གོའི་རྒྱལ་མཚམས་སུ་འཛུལ་མཁན་མི་གྲངས་འཕར་ཚད་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་52.31%འཕར་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། དེ་ཉིན་གོང་གསལ་གྱི་རྒྱལ་ཁབ་6གི་ཀྲུང་གོའི་རྒྱལ་མཚམས་སུ་འཛུལ་མཁན་ཉིན་གོང་མ་དང་བསྡུར་ན་12.54%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།