དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱལ་སྤྱིའི་ནུས་རྒྱུ་ཧྲུའུ་ཡི་ཧྲུའུ་ཀྲང་གིས་བརྗོད་དོན།

    ཀྲུང་གོ་ནི་ནུས་རྒྱུ་གཙང་མའི་ཁྱབ་ཁོངས་ཀྱི་ཨང་དང་པོ་རེད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-12-13

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཏི་པའེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་རྒྱལ་སྤྱིའི་ནུས་རྒྱུ་ཧྲུའུ་ཡི་ཧྲུའུ་ཀྲང་ཧྥ་ཐི་ཧོ·པི་ལོ་ཨར་གྱིས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་ཀྱི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་བརྒྱད་པ(COP28)ཀྲུང་གོའི་ཚོགས་རར་འཚོག་པའི་བརྗོད་དོན་གཙོ་བོའི་ཞོར་ཚོགས་ལ་ཉི་ནུས་དང་རླུང་ནུས་སོགས་ནུས་རྒྱུ་གཙང་མ་དང་གློག་སྒུལ་རླངས་འཁོར་ལས་རིགས་འཕེལ་རྒྱས་ལ་ཀྲུང་གོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པས“ནུས་རྒྱུ་གཙང་མའི་ཁྱབ་ཁོངས་ཀྱི་ཨང་དང་པོ”རེད་ཅེས་བརྗོད་པ་རེད།

    ད་ཐེངས་ཀྱི་བརྗོད་དོན་གཙོ་བོ་ཡིན་པའི“འཁོར་རྒྱུག་དཔལ་འབྱོར་གྱིས་ཐཱན་ཉུང་དུ་གཏོང་བར་སྐུལ་འདེད་གཏོང་བའི་ཀྲུང་གོའི་ལག་ལེན”གྱི་ཞོར་ཚོགས་ལ་པི་ལོ་ཨར་གྱིས་རྒྱལ་ཁབ་ཁག་གིས་ནུས་རྒྱུ་གཙང་མའི་ཁྱབ་ཁོངས་སུ་ཀྲུང་གོར་གྲུབ་འབྲས་མངོན་གསལ་དོད་པོ་མང་པོ་ཐོབ་པ་མཐོང་གསལ་རེད། གཞན་ཡང་ཀྲུང་གོའི་ལེགས་སྐྱེས་གལ་ཆེན་འདི་ད་དུང་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཀྱི་ཁྲོམ་རའི་རིན་གོང་དམའ་རུ་བཏང་བ་ནས་མཚོན་གྱི་ཡོད་པ་དེས་འཛམ་གླིང་རྒྱལ་ཁབ་གཞན་དག་གིས་ནུས་རྒྱུ་གཙང་མ་འཕེལ་རྒྱས་གཏོང་བར་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།

    ཟླ་10པར་ཀྲུང་གོ་སྐྱེ་ཁམས་ཁོར་ཡུག་པུས་ཁྱབ་བསྒྲགས་བྱས་པའི《ཀྲུང་གོས་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་སྲིད་ཇུས་དང་བྱ་སྤྱོད་2023ལོའི་སྙན་སྒྲོན》དུ། 2022ལོའི་ལོ་མཇུག་བར། ཀྲུང་གོའི་འགྱུར་རྡོ་མིན་པའི་ནུས་རྒྱུའི་འཛད་སྤྱོད་བསྡུར་གྲངས་17.5%ཟིན་པ་དང་བསྐྱར་སྐྱེས་ནུས་རྒྱུའི་གློག་འདོན་ཚད་ཆན་ཝ་དུང་ཕྱུར་12.13ཟིན་གྱི་ཡོད། འདི་ལོའི་ཟླ་དྲུག་པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་ནུས་རྒྱུ་གསར་པའི་རླངས་འཁོར་བདག་ཡོད་གྲངས་ཚད་ཁྲི་1620ཟིན་གྱི་ཡོད་པ་རེད།

    ཏི་པའེ་རུ་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་ཚོགས་ཆེན་ལ་འབྱུང་འཕྲོད་ནུས་རྒྱུ་གཙང་མ་འཕེལ་རྒྱས་གཏོང་བ་ནི་རྒྱལ་ཁབ་ཁག་གི་འཐུས་མིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་བརྗོད་གཞི་ཞིག་ཡིན་པ་དང་། དྲོད་ཁང་རླངས་གཟུགས་ཕྱིར་འབུད་ཉུང་དུ་གཏོང་བ་དང་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཐད་ནུས་རྒྱུ་གཙང་མའི་ནུས་པར་མཐོང་ཆེན་རྒྱ་ཁྱབ་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།