དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྣམ་པ་གསར་པ་མངོན། འཕེལ་རྒྱས་གསར་པ་བྱུང་།

    —— རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་དང་ཕྱི་ཕྱོགས་རོགས་སྐྱོར་བྱ་གཞག་ལ་རྒྱུན་མཐུད་སྐུལ་འདེད་བཏང་བའི་སྐོར་གླེང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-12-13

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་གོའི་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་དང་ཕྱི་ཕྱོགས་རོགས་སྐྱོར་ལ་དུས་བསྟུན་འཕེལ་རྒྱས་དང་ཕྱི་ནང་མཉམ་སྐྱོང་བྱས་ནས་ཉམས་བཟང་གསར་པ་མངོན་པ་དང་འཕེལ་རྒྱས་གསར་པ་བྱུང་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཉེ་ཆར་འཚོགས་པའི“དབང་གྲགས་ལྡན་པའི་སྡེ་ཚན་གྱི་གླེང་མོལ”གྱི་བརྗོད་དོན་གཙོ་བོ་རབ་དང་རིམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་དང་ཕྱི་ཕྱོགས་རོགས་སྐྱོར་བྱ་གཞག་ལ་རྒྱུན་མཐུད་སྐུལ་འདེད་བཏང་བའི་འབྲེལ་ཡོད་གནས་ཚུལ་སྐོར་ངོ་སྤྲོད་བྱས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ཡང་ལན་བཏབ་པ་རེད།

    དུས་རབས་གསར་པའི་ལོ་10ནི་རང་རྒྱལ་གྱིས་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་དང་ཕྱི་ཕྱོགས་རོགས་སྐྱོར་ལ་སྣེ་ཁྲིད་དང་གཟུགས་བརྙན་བཏོད་དེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་གཏིང་ཟབ་ཞུགས་པའི་གསོན་ཉམས་དོད་ཤོས་དང་། ཕན་འབྲས་ཆེ་ཤོས། ལེགས་སྐྱེས་ཆེ་ཤོས་བཅས་ཀྱི་ལོ་10རེད་ཅེས་རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ་ཡི་ཧྲུའུ་ཀྲང་ལུའོ་ཀྲའོ་ཧུའེ་ཡིས་བརྗོད།

    ཕྱི་ཕྱོགས་ལ་ཛ་དྲག་གི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་པ་ནི་ཀྲུང་གོ་དང་རྒྱལ་ཁབ་ཁག་གིས་ཕྱར་བ་གྲུ་འདེགས་དང་ཕན་ཚུན་ལྟ་སྐྱོང་བྱེད་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད་ལ། ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཀྱང་རེད། རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ་ཡི་ཧྲུའུ་ཀྲང་གཞོན་པ་ཀྲུང་ཧའེ་ཏུང་གིས་ངོ་སྤྲོད་བྱས་པ་ལྟར་ན། འདི་ལོ་ནས་བཟུང་ཀྲུང་གོས་ས་ཡོམ་དང་ཆུ་ལོག་སོགས་ཀྱི་རང་བྱུང་གནོད་འཚེ་ཕོག་པའི་ཐུར་ཁེ་དང་། སི་རི་ཡ། ལི་པི་ཡ། མོ་རོ་ཁོ། ཨ་ཧྥུ་ཀ་ནི་སི་ཐན་སོགས་རྒྱལ་ཁབ་ལ་དངུལ་སྨར་དང་ཛ་དྲག་གི་མི་ཆོས་རིང་ལུགས་ཀྱི་དངོས་ཟོག་རོགས་སྐྱོར་བྱས་པས་གནོད་འཚེ་ཕོག་མཁན་རྒྱལ་ཁབ་ཀྱི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཞི་ལྷོད་དུ་ནུས་ལྡན་ཕྱིན་པ་དང་། ས་གནས་དེ་གའི་གནོད་འཚེ་ཕོག་མཁན་བཀོད་སྒྲིག་དང་། ཐོན་སྐྱེད་སླར་གསོ། ཁྱིམ་གཞིས་བསྐྱར་སྐྲུན་བཅས་ལ་རྒྱབ་སྐྱོར་ནུས་ལྡན་ཐུབ་པར་བརྟེན། རོགས་སྐྱོར་ཐོབ་པའི་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཡོད།

    མིག་སྔར་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་སྔར་བཞིན་གནས་ཡོད་ཅིང་། ཀྲུང་ཧའེ་ཏུང་གིས། ཀྲུང་གོས་ཕ་ལེ་སི་ཐན་སྲིད་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉེ་ཤར་ཕ་ལེ་སི་ཐན་གྱི་ཡུལ་འཁྱར་བ་རྒུད་སྐྱོབ་དང་ལས་གྲྭ་ཁྲུའུ་ལ་སོ་སོར་ཨ་སྒོར་ཁྲི་100ཡི་ཛ་དྲག་གི་མི་ཆོས་རིང་ལུགས་ཀྱི་དངུལ་སྨར་རོགས་སྐྱོར་བྱས་པ་མ་ཟད། ཨེ་ཅིབ་བརྒྱུད་ཅ་ཧྲ་ས་ཁུལ་ལ་རིན་ཐང་མི་དམངས་ཤོག་སྒོར་ཁྲི་1500རི་བའི་ཛ་དྲག་གི་མི་ཆོས་རིང་ལུགས་ཀྱི་དངོས་ཟོག་མཁོ་འདོན་བྱས་ནས་ཅ་ཧྲའི་མི་ཆོས་རིང་ལུགས་ཀྱི་དུས་བབ་ཞི་ལྷོད་དུ་གཏོང་རོགས་བྱེད་ཀྱི་ཡིན་ཞེས་བརྗོད།

    མི་རིང་བའི་གོང་འཚོགས་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པར་ཕྱི་ཕྱོགས་རོགས་སྐྱོར་ཁྱབ་ཁོངས་ཀྱི་གྲུབ་འབྲས་30ལྷག་ཙམ་ཐོབ་ཡོད་ཅིང་། རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ་ཡི་ཧྲུའུ་ཀྲང་གཞོན་པ་ཏེང་པོ་ཆིང་གིས། ཀྲུང་གོ་ཕྱོགས་ཀྱིས་གོང་གསལ་གྱི་གྲུབ་འབྲས་དོན་འཁྱོལ་ནན་ཏན་བྱས་ནས་སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་དམིགས་བསལ་གྱི་ལེགས་སྐྱེས་མུ་མཐུད་འབུལ་གྱི་ཡིན་ཞེས་བརྗོད་ཡོད།

    “དུས་རབས་ཆེན་པོ་དང་གནས་སྟངས་ཆེན་པོར་ཕྱོགས་སྐབས། འདུ་ཤེས་གསར་པ་དང་བྱ་སྤྱོད་གསར་པ་དགོས” ཀྲུང་གོ་ཇི་ཙམ་འཕེལ་རྒྱས་ཕྱིན་ན་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་དང་ཕྱི་ཕྱོགས་རོགས་སྐྱོར་བྱ་གཞག་གི་ཚབ་བྱེད་ཐབས་བྲལ་བའི་དམིགས་བསལ་ནུས་པ་དེ་བས་མངོན་གསལ་དོད་དུ་འགྲོ་ངེས་རེད། རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ་ཡིས་གཙོ་བདག་གི་ཕྱི་འབྲེལ་དང་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་འཐབ་ཇུས་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུས་ནས། “གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་ཐུན་མོང་འཕེལ་རྒྱས་ལ་གཙོ་གནད་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ལ་རྒྱུན་མཐུད་སྣེ་ཁྲིད། འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་གཏོད་པར་རམ་འདེགས་བཅས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ལ་གནས་བབ་གསར་པ་གཏོད་པར་སྐུལ་འདེད་གཏོང་གི་ཡིན་ཞེས་ལུའོ་ཀྲའོ་ཧུའེ་ཡིས་བརྗོད།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།