དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་ལྔ་པས་མཚོ་སྔོན་ཞིང་ཆེན་ལ་མང་ཚོཌ་ཀྱི་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་ཁག་40བསྒྲུབ་པར་རྩིས་སྤྲད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-12-12

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་12ཚེས་9ཉིན་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་ལྔ་པས་མཚོ་སྔོན་ཞིང་ཆེན་ལ་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་ཁག་བཅུ་བདུན་པའི་གནད་དོན་40(ཁ་པར་གྱི་ཐེར་འདོན་26དང་འཕྲིན་ཡིག་གི་ཐེར་འདོན་14)བསྒྲུབ་པར་རྩིས་སྤྲད་ཅིང་། དེའི་ནང་གཙོ་གནད་ཐོག་དོ་ཁུར་བྱེད་པའི་ཐེར་འདོན་ཁག་5ཡོད། བསྒྲུབ་པར་རྩིས་སྤྲད་པའི་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་40དེ་དག་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཀྲོའུ་6དང་འབྲེལ་བ་ཡོད་ཅིང་། དེའི་ནང་ཟི་ལིང་གྲོང་ཁྱེར་གྱི་ཐེར་འདོན་ཁག་24དང་། མཚོ་ཤར་གྲོང་ཁྱེར་གྱི་ཐེར་འདོན་ཁག་9 མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཐེར་འདོན་ཁག་4 མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཐེར་འདོན་ཁག་1 ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཐེར་འདོན་ཁག་1 མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཐེར་འདོན་ཁག་1བཅས་ཚུད་ཡོད། མང་ཚོགས་ཀྱི་ཐེར་འདོན་གོང་ཞུ་བྱས་པའི་གནད་དོན་དེ་དག་འཛེར་སྒྲའི་སྦགས་བཙོག་ཐད་ཀྱི་ཐེར་འདོན་8དང་། སྐྱེ་ཁམས་གཏོར་བཤིག་ཐད་ཀྱི་ཐེར་འདོན་1 རླུང་ཁམས་ཆེན་པོའི་སྦགས་བཙོག་ཐད་ཀྱི་ཐེར་འདོན་10 ཆུའི་སྦགས་བཙོག་ཐད་ཀྱི་ཐེར་འདོན་4 ས་རྒྱུའི་སྦགས་བཙོག་ཐད་ཀྱི་ཐེར་འདོན་4 སྦགས་བཙོག་གཞན་དག་ཐད་ཀྱི་ཐེར་འདོན་2བཅས་དང་འབྲེལ་བ་ཡོད།

    མིག་སྔའི་བར་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་ལྔ་པས་མཚོ་སྔོན་ཞིང་ཆེན་ལ་རྩིས་སྤྲད་པའི་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་ཁག་བཅུ་བདུན་པའི་གནད་དོན་འབྲེལ་ཡོད་གྲོང་ཁྱེར་དང་ཀྲོའུ་དང་སྡེ་ཚན་ལ་རྩིས་སྤྲད་པ་དང་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་གོ་རིམ་ལྟར་དུས་ཚོད་དམ་འཛིན་གྱིས་སྒྲུབ་བཞིན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།