དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་གྱིས་དུས་བྱ་གནས་སྤོའི་བགྲོད་ལམ་གལ་ཆེན་གྱི་ཁྱབ་ཁོངས་སྤྱི་ཚོགས་སུ་ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-12-12

    ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཚོགས་ལ《མཚོ་སྔོན་ཞིང་ཆེན་གྱི་དུས་བྱ་གནས་སྤོའི་བགྲོད་ལམ་གལ་ཆེན་ཡོངས་བསྒྲགས་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས་ནས་ཞིང་ཆེན་དེ་ཡོངས་ཀྱི་ཨེ་ཤེ་ཡ་ཤར་མ་དང་ཨོ་སི་ཁྲུ་ལི་ཡ་དང་ཨེ་ཤེ་ཡ་དབུས་མའི་གནས་སྤོའི་ལམ་ཐིག་གལ་ཆེན་གཉིས་ཀྱི་དུས་བྱ་གནས་སྤོའི་བགྲོད་ལམ་གྱི་ཁྱབ་ཁོངས་ཁག་22དབྱེ་འབྱེད་གཏན་འཁེལ་བྱས་ནས་བགྲོད་ལམ་ཁྱབ་ཁོངས་ཀྱི་འགན་འཁུར་སྒྲིག་གཞི་དང་། འགན་འཁུར་འགོ་ཁྲིད། ཞིབ་ཕྲའི་འགན་འཁུར་མཁན་བཅས་སྔར་བས་ཁ་གསལ་བཟོས་པ་རེད།

    མཚོ་སྔོན་ཞིང་ཆེན་ནི་གོ་ལ་ཧྲིལ་པོའི་དུས་བྱ་གནས་སྤོ་དང་སྐྱེ་འཕེལ་ཁུལ་དང་། གཅིག་སྡུད་ཁུལ། ངལ་གསོ་ཡུལ་བཅས་གལ་ཆེན་ཞིག་རེད། གོ་ལ་ཧྲིལ་པོའི་དུས་བྱ་གནས་སྤོའི་བགྲོད་ལམ་ཁག་9ལས་ཨེ་ཤེ་ཡ་ཤར་མ་དང་ཨོ་སི་ཁྲུ་ལི་ཡའི་གནས་སྤོའི་བགྲོད་ལམ་དང་ཨེ་ཤེ་ཡ་དབུས་མའི་གནས་སྤོའི་བགྲོད་ལམ་མཚོ་སྔོན་བརྒྱུད་དགོས་ཀྱི་ཡོད། 《མཚོ་སྔོན་གྱི་སྲོག་ཆགས་ཀྱི་དཔལ་འབྱོར་ལོ་རྒྱུས》དང《མཚོ་སྔོན་གྱི་འདབ་ཆགས་ཀྱི་པར་རིས་དཔྱད་གཞི》སོགས་བསྡོམས་རྩིས་ལ་གཞིགས་ན། མཚོ་སྔོན་ཞིང་ཆེན་དུ་རི་སྐྱེས་འདབ་ཆགས་རིགས་432ཡོད་པ་དེས་རང་རྒྱལ་གྱི་འདབ་ཆགས་རིགས་ཀྱི་གསུམ་ཆ་གཅིག་བཟུང་བའི་ཁྲོད་ཁྲུང་ཁྲུང་སྐེ་ནག་དང་། ཁྲུང་ཁྲུང་ནག་པོ། རྔོན་ཁྲ་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་འདབ་ཆགས་རིགས་26ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་དུས་བྱར་སྲུང་སྐྱོབ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་འཛུགས་པ། འདབ་ཆགས་འཚོ་གནས་ཁུལ་གལ་ཆེན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པ་དང་ཆབས་ཅིག ཆེད་དོན་ཁྲིམས་སྒྱུར་རྡུང་རྡེག་དང་། རི་སྐྱེས་ཐོན་ཁུངས་བརྟག་དཔྱད། སྐྱེ་ཁམས་ཤེས་དཔལ་འདུ་ཤེས་ཁྱབ་སྤེལ་སོགས་ཐད་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་དུས་བྱའི་རིགས་སྲུང་སྐྱོབ་ནུས་ལྡན་བྱས་པ་རེད། མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུས་ཀྱིས་ཞིང་ཨུད་སྲིད་ཁྲིམས་ཨུ་ལྷན་དང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། ཞིང་ཆེན་སྤྱི་བདེ་ཐིང་སོགས་ཚན་པ་12དང་མཉམ་དུ་ལོ་ཁ་ཤས་བསྟུད་མར“བསིལ་རླུང་བྱ་སྤྱོད”སྤེལ་ནས་ཞིང་ཆེན་དེ་ཡོངས་ཀྱི་མཚེའུ་དང་། རྒྱུག་ཆུ། ཆུ་མཛོད་སོགས་དུས་བྱ་གནས་སྤོ་དང་སྐྱེ་འཕེལ་ཁུལ་དུ་ལྕགས་དྲ་དང་ཤོག་སྒམ་སོགས་ཀྱི་གད་སྙིགས་གཙང་སེལ་གྱི་བྱ་སྤྱོད་སྤེལ་བ་རེད། འདམ་ར་གལ་ཆེན་དང་འདབ་ཆགས་རིགས་གནས་སྤོ་དང་ངལ་གསོ་ཡུལ་དུ་སྐོར་གཡེང་དང་སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་འདབ་ཆགས་རིགས་དང་དེའི་འཚོ་གནས་ཁུལ་ལ་འཇིགས་སྐུལ་བཟོ་བའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས་འདབ་ཆགས་རིགས་ཀྱི་ཐོན་ཁུངས་བདེ་འཇགས་ཡོང་བའི་འགན་ལེན་ཏན་ཏིག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།