དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་བསྐྲུན་པའི་ཁུ་ཝེ་ཐེའི་སྡོད་ཁང་ཁུལ་ཆེ་གྲས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་སྐྲུན་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-12

    ཤིན་ཧྭ་གསར་འགྱུར་ཁང་ཁུ་ཝེ་ཐེ་གྲོང་ཁྱེར་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་ནུས་རྒྱུ་འཛུགས་སྐྲུན་ཀོ་ཀྲོའུ་པཱ་ཆུ་རགས་ཚོགས་པས་སྐྲུན་འགན་འཁུར་བའི་ཁུ་ཝེ་ཐེའི་ནན་སཱ་ཨཱ་ཏེ་ཨཱ་པུའུ་ཏུའུ་ལཱ་གྲོང་ཁྱེར་གསར་པའི་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་ཉིན་ཤས་གོང་ཁུ་ཝེ་ཐེའི་ཅེ་ཧོ་ལཱ་ཞིང་ཆེན་དུ་སྐྲུན་འགོ་ཚུགས་པ་རེད།

    ནན་སཱ་ཨཱ་ཏེ་ཨཱ་པུའུ་ཏུའུ་ལཱ་གྲོང་ཁྱེར་གསར་པ་ནི་ཁུ་ཝེ་ཐེའི་རྒྱལ་ས་ཁུ་ཝེ་ཐེ་གྲོང་ཁྱེར་གྱི་ལྷོ་ནུབ་མཚམས་ཀྱི་སྤྱི་ལེ་25ཡི་སར་གནས་ཡོད་ལ་ས་བཟུང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་64ཟིན་ཡོད། དེ་ནི་ཁུ་ཝེ་ཐེའི“2035རྒྱལ་ཁབ་ཀྱི་རེ་འདོད”འཆར་གཞིའི་ཁྲོད་ཀྱི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་ལ། ཁུ་ཝེ་ཐེའི་སྡོད་ཁང་ཕན་བདེ་སྤྱི་ཁྱབ་ཧྲུའུ་ཡིས་མིག་སྔར་ལག་བསྟར་བྱེད་པའི་རྣམ་གྲངས་གལ་ཆེན་ཞིག་ཀྱང་ཡིན། རྣམ་གྲངས་དེའི་ནང་སྡོད་ཁང་ཁྲི་2ལྷག་ཙམ་དང་ལེ་ལག་ཚང་སྒྲིག་གི་རྨང་གཞིའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ཚུད་ཡོད། རྣམ་གྲངས་དེ་བསྐྲུན་རྗེས་ཉུང་ཤོས་ལ་མི་ཁྲི་15ཡི་སྡོད་ཁང་གི་དགོས་མཁོ་སྐོང་ཐུབ་རྒྱུ་ཡིན་པ་རེད།

    འདི་ལོའི་ཟླ་དྲུག་པར། ཁུ་ཝེ་ཐེའི་སྡོད་ཁང་ཕན་བདེ་སྤྱི་ཁྱབ་ཧྲུའུ་ཡིས་ནན་སཱ་ཨཱ་ཏེ་ཨཱ་པུའུ་ཏུའུ་ལཱ་གྲོང་ཁྱེར་གསར་པའི་རྣམ་གྲངས་ཀྱི་གཞུང་ལམ་ཨ་མ་དང་དེ་བཞིན་དེའི་ཞོར་གཏོགས་ལས་གྲྭ་འོས་སྐུལ་བྱས་པའི་ནང་ཀྲུང་གོ་ནུས་རྒྱུ་འཛུགས་སྐྲུན་ཀོ་ཀྲོའུ་པཱ་ཆུ་རགས་ཚོགས་པར་མུའུ་ཐེ་ལཱ་རྣམ་གྲངས་ཀྱི་ཁ་ཆད་ལག་བསྟར་ཡག་པོ་བྱུང་བ་དང་རང་ངོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པར་བརྟེན་ནས་འོས་ཐོབ་རགས་པ་རེད། ཟླ་བཅུ་པར། ཕྱོགས་གཉིས་པོས་མི་དམངས་ཤོག་སྒོར་དུང་ཕྱུར་81ཟིན་པའི་ལས་གྲྭ་ཧྲིལ་པོའི་འགན་གཙང་གན་རྒྱར་མིང་རྟགས་བཀོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།