དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ལྗང་མདོག་བཟའ་བཅའི་དངོས་མང་སྟོན་ཚོགས་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-12-12

    ཉེ་ཆར་ཅང་ཤིས་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་ཧུང་ཀུའུ་གྲམ་ཐང་ཁུལ་དུ་ཀྲུང་གོའི་ལྗང་མདོག་བཟའ་བཅའི་དངོས་མང་སྟོན་ཚོགས་སྐབས་བཅོ་ལྔ་པ་འགོ་ཚུགས་པ་དང་། སྐབས་འདིའི་དངོས་མང་སྟོན་ཚོགས་ཀྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་6ཟིན་པ་དང་གཞི་ཁྱོན་སྐབས་རིམ་བྱུང་གི་ཆེ་ཤོས་རེད། སྐབས་འདིའི་དངོས་མང་སྟོན་ཚོགས་ཐོག་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)23གྱི་འཐུས་མི་ཚོགས་པ་53གྱིས་གཅིག་སྡུད་ཚོགས་སྒྲིག་རྣམ་པའི་ཐོག་ནས་ས་གནས་དེ་གའི་སྤུས་ལེགས་ཡུལ་ཟོག་འགྲེམས་སྟོན་བྱས་པ་ཕུད། འགྲེམས་ཚོགས་ཐོག་བཀོད་སྒྲིག་བྱས་པའི་སྨི་ངོས་གྲུ་1500ཙམ་གྱི་རྒྱལ་སྤྱིའི་ཚོང་དོན་འགྲེམས་ཁུལ་དུ་གོ་ལ་ཧྲིལ་པོའི་བཟའ་བཅའ་དང་ཞིང་ལས་ཐོན་རྫས་གཙོ་བོར་བྱས་པའི་འགྲེམས་ཚོང་སྟེགས་བུ་བཏོད་པས། ཨ་ཧྥུ་ཀ་ནི་སི་ཐན་དང་། པུར་ཀ་རི་ཡ། ཁ་མེ་རོང་། ཀེ་རི་སེ། ཧང་ག་རི་སོགས་ཕྱི་རྒྱལ་གྱི་གྲགས་ཅན་བཟའ་བཅའི་ཁེ་ལས་10ལྷག་ཙམ་གྱི་ས་ཁོངས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ནང་འདྲེན་བཟའ་བཅའ་སྣ་ཁ་སྟོང་ཕྲག་ཙམ་གཅིག་སྡུད་ཐོག་འགྲེམས་སྟོན་དང་ཁྱབ་གདལ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།