དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཁམས་བཟང་། ཀྲུང་གོ”རྒྱལ་ཁབ་ཀྱི་ཡུལ་སྐོར་གཟུགས་བརྙན་ཁྱབ་གདལ་བྱེད་སྒོ་ལུའོ་ཧྲན་ཅིར་གཉེར་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-12

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལུའོ་ཧྲན་ཅི་ནས་གློག་འཕྲིན་འབྱོར་གསལ། ཚེས་5ཉིན“ཁམས་བཟང་། ཀྲུང་གོ”རྒྱལ་ཁབ་ཀྱི་ཡུལ་སྐོར་གཟུགས་བརྙན་ཁྱབ་གདལ་བྱེད་སྒོ་ལུའོ་ཧྲན་ཅིར་གཉེར་བ་དང་ཨ་རིའི་ཡུལ་སྐོར་སྡེབ་ཚོང་མཐུན་ཚོགས་ཀྱི་ཚོགས་མི་800ལྷག་ཙམ་བྱེད་སྒོར་ཞུགས་པ་རེད།

    ལུའོ་ཧྲན་ཅིར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ཀུའོ་ཧྲའོ་ཁྲུན་གྱིས་ཤིས་ཚིག་སྒྲོན་སྐབས། ཟླ་བ་གོང་མར་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་གཙོ་བདག་ཅིའུ་ཅིན་ཧྲན་དུ་ཞལ་འཛོམས་གནང་ནས་ཐུན་མོང་གི་ངོས་འཛིན་མང་པོ་བྱུང་བའི་ནང་ཀྲུང་ཨའི་འགྲུལ་སྐྱེལ་ཐད་གཏོང་དུས་གཏན་གནམ་གྲུ་མང་དུ་གཏོང་བ་དང་། ཀྲུང་ཨའི་ཡུལ་སྐོར་གྱི་མཐོ་རིམ་གླེང་མོལ་ཚོགས་འདུ་འཚོགས་པ། རྒྱལ་གྲོལ་ཐོངས་མཆན་གྱི་འགྲོ་ལུགས་ལེགས་སུ་གཏོང་བ་སོགས་ཚུད་ཡོད་པས་རྒྱལ་ཁབ་གཉིས་པོའི་ཡུལ་སྐོར་ལས་རིགས་ལ་ཐད་ཀར་ཕན་པ་ཐོབ་རྒྱུ་རེད། ཀྲུང་ཨ་རྒྱལ་ཁབ་གཉིས་པོར་ཡུལ་སྐོར་ཁྲོམ་ར་བརྗེ་རེས་ནས་ཡུལ་སྐོར་ཐོན་ལས་མཉམ་ལས་བར་གྱི་རིམ་སྤོར་མངོན་འགྱུར་བྱུང་སྟེ་ཀྲུང་ཨའི་ཡུལ་སྐོར་ཕྱོགས་ཡོངས་དང་ཆུ་ཚད་མཐོ་བའི་མཉམ་ལས་ཀྱི་རྣམ་པ་ཞིག་གྲུབ་ཡོད། ཀྲུང་གོའི་རྒྱལ་ཁོངས་སུ་འཛུལ་བའི་རྒྱལ་གྲོལ་ཐོངས་མཆན་གྱི་སྲིད་ཇུས་རྒྱུན་ཆད་མེད་པར་སྟབས་བདེ་རུ་ཕྱིན་པ་དེ་ཨ་རིའི་ཡུལ་སྐོར་ལས་རིགས་ཀྱིས་ཀྲུང་གོའི་ཁྲོམ་རར་དམིགས་པའི་ཡུལ་སྐོར་ཐོན་རྫས་དེ་བས་མང་བ་ཇུས་འགོད་དང་གསར་སྤེལ་བྱེད་པར་ཕན་ཐོགས་ཡོད་ཅེས་བརྗོད།

    ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུས་2023ལོར་གོ་ལ་ཧྲིལ་པོར་ཕྱོགས་ཏེ་ཀྲུང་གོའི་རྒྱལ་ཁབ་ཀྱི་ཡུལ་སྐོར་གཟུགས་བརྙན་གསར་པ“ཁམས་བཟང་། ཀྲུང་གོ”ཁྱབ་གདལ་བཏང་སྟེ་གོ་ལ་ཧྲིལ་པོའི་ཡུལ་སྐོར་བས་ཀྲུང་གོའི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་། ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས། སྟབས་བདེའི་རྨང་གཞིའི་སྒྲིག་བཀོད་བཅས་ཉམས་ལེན་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།