དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་ཁྲེང་ཀོན་ཆུས་ཀྱི་2023ལོའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་ཟིན་པ།

    སློབ་ཐོན་སློབ་མ་དེ་བས་མང་བས་གཞི་རིམ་དུ་ལས་ཞུགས་བྱེད་པར་གདམ་ག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-12

    ཉེ་ཆར་གསར་འགོད་པས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2023ལོར་ཁྲེང་ཀོན་ཆུས་ཁོངས་སུ་མཐོ་སློབ་སློབ་ཐོན་སློབ་མ་4759ཟིན་ནས་ལས་ཞུགས་ཐུབ་ཚད་95%ཟིན་ཡོད་པ་རེད། དེའི་ནང་གཞི་རིམ་གྱི་ལས་གནས་སུ་ལས་ཞུགས་བྱེད་མཁན་1035ཡོད་པ་དེས་24.91%བཟུང་བ་དང་། ཁེ་ལས་སུ་ལས་ཞུགས་བྱེད་མཁན་3091ཟིན་པ་དེས་63.48%བཟུང་ཡོད།

    དེ་སྔ་དང་བསྡུར་ན་ཁྲེང་ཀོན་ཆུས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་སྤྱིའི་མི་གྲངས་ལོ་རེ་བཞིན་མང་དུ་ཕྱིན་ནས་2022ལོ་ལས་མི་གྲངས་1200ལྷག་ཙམ་མང་དུ་ཕྱིན་ཡོད། ལས་ཞུགས་བྱེད་སྟངས་སྣ་མང་ཅན་གྱི་རྣམ་པ་མངོན་པ་དང་སློབ་ཐོན་སློབ་མ་མང་ཆེ་བས་སྲོལ་རྒྱུན་མིན་པའི་ལས་ཞུགས་ཁྱབ་ཁོངས་གདམ་ག་བྱས་ཡོད། དེ་དང་ཆབས་ཅིག་སློབ་ཐོན་སློབ་མ་དེ་བས་མང་བས་གཞི་རིམ་དུ་ལས་ཞུགས་བྱེད་པར་གདམ་ག་བྱས་ནས་རང་ངོས་ཀྱི་འཇོན་ཐང་བཏོན་ཏེ་རིན་ཐང་མངོན་པར་བྱས་ཡོད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་ལྗོངས་ཕྱིར་ལས་ཞུགས་ཐུབ་མེད་པའི་སློབ་གྲྭ་ཆེ་མོ་བ་མི་ཉུང་བ་ཞིག་རང་ཡུལ་དུ་ལས་ཞུགས་དང་ལས་གཏོད་བྱེད་པར་ཡོང་ནས་རང་བརྟེན་ལས་ཞུགས་ཐུབ་ཚད་མང་དུ་ཕྱིན་ཡོད་པ་རེད།

    མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དང་ལས་གཏོད་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་རིང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་སྤྱི་ཅུས་ཀྱིས“དཔྱིད་རླུང་བྱ་སྤྱོད”དང“སྟོན་དུས་ལས་གནས་སྤྲོད་པ”སོགས་ཀྱི་ལས་མི་བསྡུ་བའི་འདུ་ཚོགས་འཚོགས་ཤིང་། སྐད་འཕྲིན་སྤྱི་རྟགས་སུ་དུས་བཀག་ལྟར་རིགས་ཁག་གི་ལས་ཀ་འཚོལ་བ་དང་ལས་མི་བསྡུ་བའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཁྲོམ་རའི་ལས་གནས་མཁོ་སྤྲོད་བརྟན་དུ་བཏང་ནས་གཞི་རིམ་གྱི་ལས་གནས་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་བས། མཐོ་སློབ་སློབ་ཐོན་སློབ་མ་1800ལྷག་ཙམ་ལས་ཞུགས་ཐུབ་པ་དང་། ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བའི་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མས་དོ་ཁུར་མང་པོ་བྱེད་པའི་ལས་ཞུགས་ལས་གནས་གཞིར་བཟུང་། ཁེ་ལས་དང་མི་སྤྱོད་ཀྱི་དགོས་མཁོ་དང་བསྟུན་ཏེ་ཐག་ཉེ་ས་ནས་ལས་ཞུགས་མ་ཐུབ་པའི་མཐོ་སློབ་སློབ་ཐོན་སློབ་མ་ཁྲོམ་གཞུང་དུ་གནད་སྨིན་སྦྲེལ་མཐུད་ཚོགས་འདུར་སྐོང་བ་དང་ས་གནས་ས་ཐོག་ཏུ་ལས་གནས་འབྲེལ་མཐུད་བྱས་ནས་མགྱོགས་མྱུར་ལས་ཞུགས་ཐུབ་པར་བྱས་པ། ལས་ཞུགས་རོགས་སྐྱོར་བྱེད་ཤུགས་སླར་ཡང་ཆེ་རུ་བཏང་ནས་ལས་ཞུགས་ལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར“མི་རེར་ཡིག་ཚགས་རེ་དང་མི་རེར་བྱ་ཐབས་རེའི”བྱེད་ཐབས་ལག་ལེན་བསྟར་ནས་རོགས་སྐྱོར་གྱིས་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་ཞུགས་མཛུབ་ཁྲིད་དང་། ལས་ཞུགས་ལྟ་སྦྱོང་བཀོད་སྒྲིག སྔོན་ལ་ལས་གནས་འོས་སྦྱོར་བཅས་བྱས་ནས་མི་165ལ་ལས་ཞུགས་ཐུབ་རོགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།