དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ནག་ཆུ་གྲོང་ཁྱེར་གྱིས་ཚོང་འགུགས་ཆེན་པོའི་ཐོན་ལས་ཀྱི་མྱུར་ཚད་མགྱོགས་སུ་གཏོང་བར་དམ་འཛིན་ཏན་ཏིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-12

    2023ལོ་ཚུན་དུ། ནག་ཆུ་གྲོང་ཁྱེར་གྱིས་ཚོང་འགུགས་མ་འདྲེན་གྱི་ལོ་འཁོར་དམིགས་ཚད་ལས་འགན་ལ་དམིགས་ནས“རྣམ་གྲངས་ཀྱི་མ་དངུལ་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལོའི”གོ་སྐབས་དང་བསྟུན་རྒྱུ་མཐའ་འཁྱོངས་ཀྱིས་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་ཐོན་ཁུངས་ཀྱི་ཁྱད་ལྡན་ལེགས་ཆར་བརྟེན་ནས་ཚུགས་གནས་མཐོ་རུ་གཏོང་བ་དང་རང་ངོས་ཀྱི་རིན་ཐང་ཆེ་རུ་གཏོང་བ་དང་། སྟོབས་ཤུགས་གཅིག་སྒྲིལ་དང་དམ་པ་དོན་གཉེར། “ཚོང་འགུགས་ཆེན་པོའི”རྣམ་པ་ཆགས་པར་ཤུགས་སྣོན་རྒྱག་པ་བཅས་བྱས་པས་ཚོང་འགུགས་མ་འདྲེན་གྱི་ལས་དོན་ཁག་ལ་རྒྱུན་ཆད་མེད་པར་ཚད་བརྒལ་གསར་པ་བྱུང་ཡོད། ཟླ་10པའི་ཟླ་མཇུག་བར། གྲོང་ཁྱེར་ཡོངས་སུ་ཚོང་འགུགས་མ་འདྲེན་རྣམ་གྲངས་44ཡོད་པ་ནས་གསར་དུ་སྐྲུན་པའི་རྣམ་གྲངས་18དང་མུ་མཐུད་སྐྲུན་པའི་རྣམ་གྲངས་26ཡོད་པ་དང་། མ་དངུལ་སྒོར་དུང་ཕྱུར་20.83དམིགས་སར་འབྱོར་བ་དེ་དུས་མཚུངས་ལས་36%འཕར་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་གྱི་123%ལེགས་གྲུབ་བྱུང་བ། མི་1114ལས་ཀར་བསྡུས་ནས་ངལ་ནུས་ཡོང་འབབ་སྒོར་ཁྲི་1531.9བྱུང་བ་བཅས་རེད།

    ཁ་གཏད་བོད་སྐྱོར་གྱི་ལེགས་ཆར་བརྟེན་ནས“ཕྱིར་སྐྱོད་པའི”ཚོང་འགུགས་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ་དང་། ཆེད་ལས་ཀྱི་ཕྱིར་སྐྱོད་ཚོང་འགུགས་ཚོགས་པ་བཙུགས་ནས་ཚོང་འགུགས་མ་འདྲེན་འཕེལ་རྒྱས་གཏིང་ཟབ་འགྲོ་བར་སྐུལ་འདེད་བཏང་ཡོད། “ཨ་མདོ་སྟོད་མའི་ལུག”ཁྱབ་གདལ་སྤེལ་རེས་ཀྱི་འདུ་ཚོགས་དང་བོད་ལྗོངས་ནག་ཆུ་དང་ལེའོ་ཉིང་གི་ཚོང་འགུགས་མ་འདྲེན་འོས་སྦྱོར་འདུ་ཚོགས་གཉེར་བ་དང་ཧང་ཀྲོའུ་གྲོང་ཁྱེར་དུ་ནག་ཆུའི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་འདུ་ཚོགས་འཚོགས་ཤིང་། ལས་སྟེགས་སྔར་བས་ལེགས་སུ་བཏང་སྟེ་ཐབས་ལམ་མང་པོར་བརྟེན་ནས་ཚོང་འགུགས་མ་འདྲེན་བྱས་པ་རེད། བོད་སྐྱོར་གྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་16ཡོད་པར་མ་དངུལ་སྒོར་དུང་ཕྱུར་9.81དམིགས་སར་འབྱོར་ཡོད་པ་རེད། དེའི་ནང་། ཀྲེ་ཅང་གི་བོད་སྐྱོར་ཚོང་འགུགས་མ་འདྲེན་གྱི་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་6.96ཟིན་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་གྱི་341.18%ལེགས་གྲུབ་བྱུང་བ་དང་། ལེའོ་ཉིང་གི་བོད་སྐྱོར་ཚོང་འགུགས་མ་འདྲེན་གྱི་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་2.85ཟིན་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་གྱི་209.56%ལེགས་གྲུབ་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།