དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སི་ཁྲོན་དཀར་མཛེས་ཀྱིས་བོད་སྐྱོར་སྨན་ཁང་ལ་བརྟེན་ནས་སྨན་བཅོས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-12-11

    སི་ཁྲོན་ཞིང་ཆེན་ལུའུ་ཀྲོའུ་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་གྱི་འཛུགས་སྐྲུན་ནང་ཞུགས་མཁན་འདབ་པ་རྫོང་སྨན་བཅོས་གླིང་ཁུལ་དཀར་མཛེས་ཀྲོའུ་འདབ་པ་རྫོང་ཅིན་ཀྲུའུ་གྲོང་རྡལ་དུ་གནས་པ་དང་། གླིང་ཁུལ་དེས་རྫོང་སྨན་ཁང་དང་། ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས། བུད་མེད་དང་འཆར་ལྡན་བུ་བཙའི་ཞབས་ཞུའི་ལྟེ་གནས་བཅས་གཅིག་སྡུད་བསྐྲུན་པ་དང་། རྫོང་ཁོངས་ཀྱི་སྨན་བཅོས་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་བྱེད་ནུས་དེ་སྤྱི་པའི་འཕྲོད་བསྟེན་ལྟེ་གནས་དང་། ཕྱོགས་བསྡུས་སྨན་ཁང་། མ་བུའི་སྨན་ཁང་སོགས་ལ་ཁྱབ་ནས། ས་གནས་དེ་གའི་མང་ཚོགས་ལ་སྤུས་ཚད་ཅུང་མཐོ་བའི་སྨན་བཅོས་ཞབས་འདེགས་ཞུ་རྒྱུ་རེད། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་2.27བཏང་བ་དང་སྔོན་དཔག་བྱས་ན་2024ལོར་བསྐྲུན་ནས་སྤྱོད་འགོ་འཛུགས་རྒྱུ་རེད།

    འདི་ནི་ཉེ་དུས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་འདབ་པ་རྫོང་ཅིན་ཀྲུའུ་གྲོང་རྡལ་བཙལ་རོགས་གྲོང་ཚོ་ནས་པར་བརྒྱབ་པའི་སྨན་བཅོས་གླིང་ཁུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།