དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ་ས་གནས་སུ་སྐྱོད་པའི”བྱེད་སྒོ་ཅང་སུའུ་རུ་སྤེལ་བ།

    འབྱུང་འཕྲོད་གསར་གཏོད་འཕེལ་རྒྱས་ཀྱི་གསོན་ཤུཊ་ལ་མྱོང་ཚོར་བྱེད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-12-11

    འདི་ནི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་པས་ཁྲང་ཀྲོའུ་ཅིན་ཐན་ཚྭ་དོང་མཁའ་རླུང་གནོན་བཙིར་ནུས་གསོག་གློག་ཁང་གི་སྤྱིའི་བཀོད་པར་ལྟ་སྐོར་བྱེད་བཞིན་པ།

    འདི་ནི་ཝུའུ་ཞིའི་ཀུང་ཧུའུ་ཝན་འདམ་རའི་སྤྱི་གླིང་དུ་གཞུང་ཚབ་པ་ཚོས་མཉམ་སྤྱོད་རྐང་འཁོར་བཞོན་ནས་ཐའེ་ཧུའུ་མཚོའི་མཛེས་ལྗོངས་ལ་མྱོང་རོལ་བྱེད་བཞིན་པ།

    འདི་ནི་ལི་ཞང་རྟགས་ཅན་རླངས་འཁོར་གྱི་ཁྲང་ཀྲོའུ་བཟོ་སྐྲུན་རྟེན་གཞིའི་སྒྲིག་སྦྱོར་འཁོར་ཁང་དུ་ནུས་རྒྱུ་གསར་པའི་རླངས་འཁོར་ཞིག་སྒྲིག་སྦྱོར་བྱེད་བཞིན་པ།

    འདི་ནི་ནན་ཧྲན·ཝུའུ་ཞི་འཁོར་སྦྲེལ་དྲ་རྒྱའི་གྲོང་རྡལ་ཆུང་ངུའི་རྣམ་པ་ཡིན་པ།

    འདི་ནི་ནན་ཐུང་ཝུའུ་ཧྲན་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་ཡུལ་ལྗོངས་ཡིན་པ།

    ཕྱི་འབྲེལ་པུས་གཙོ་གཉེར་བྱས་པའི“ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ་ས་གནས་སུ་སྐྱོད་པའི”བྱེད་སྒོ་ཉེ་ཆར་ཅང་སུའུ་རུ་སྤེལ་ཞིང་། ད་ཐེངས་ཀྱི་བྱེད་སྒོར“ཚན་རྩལ་གསར་གཏོད་ཀྱི་ཅང་སུའུ། ཐཱན་མེད་ཀྱི་འབྱུང་འགྱུར”བརྗོད་དོན་གཙོ་བོར་བྱས་ནས། ཕ་ཁི་སི་ཐན་དང་། ཨོ་སི་ཁྲུ་ལི་ཡ། ནེའུ་ཙི་ལན་སོགས་རྒྱལ་ཁབ་15ཡི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ་དང་ཕྱི་འབྲེལ་དཔོན་20ལྷག་ཙམ་གྱིས་ནན་ཐུང་དང་། ཝུའུ་ཞི། ཁྲང་ཀྲོའུ། ནན་ཅིང་སོགས་སུ་ལྟ་སྐོར་སྤེལ་རེས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཅང་སུའུ་རུ་གསོན་ཉམས་ལྡན་པའི་ངང་ལག་ལེན་བསྟར་ལུགས་ཤེས་རྟོགས་དང་། ས་གནས་དེ་གའི་ནུས་རྒྱུ་གསར་པའི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་དང་དམངས་གཉེར་ཁེ་ལས་ཀྱི་གསར་གཏོད་གསོན་ཤུགས་ལ་མྱོང་ཚོར་བྱས་པ་རེད།

    “འོད་གློག་ལག་རྩལ་གྱི་ཁྱབ་ཁོངས་སུ་ཀྲུང་གོའི་ཁེ་ལས་འཕེལ་རྒྱས་མྱུར་པོ་ཕྱིན་པ”

    སྐབས་དེ་དུས་ཀྲུང་གོར་བཅའ་སྡོད་ཕ་ཁི་སི་ཐན་གྱི་གཞུང་ཚབ་ཆེ་མོ་བ་མོ་དབྱིན·ཧཱ་ཁེ་ཡིས། འདས་ཟིན་པའི་ལོ་10ཡི་རིང་། རླུང་ནུས་དང་ཉི་ནུས་སོགས་ལག་རྩལ་གྱི་ཁྱབ་ཁོངས་སུ་ཀྲུང་གོ་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་ཤིང་། ཀྲུང་གོའི་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་ལས་ང་ཚོས་གསར་གཏོད་ལག་རྩལ་དེ་བས་ཡག་པོ་སྤྱད་ནས་འབྱུང་འཕྲོད་འཕེལ་རྒྱས་མངོན་འགྱུར་ཇི་ལྟར་ཡོང་ཐབས་བྱེད་པ་མཐོང་བྱུང་། ཕ་ཁི་སི་ཐན་གྱིས་འབྱུང་འགྱུར་ལོ་5ཡི་རིང་འོད་ཤུགས་རྣམ་གྲངས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་པའི་ཁྱབ་བསྒྲགས་བྱས་ཤིང་། ང་ཚོས་ཀྲུང་གོའི་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་ལ་སློབ་སྦྱོང་བྱས་ནས། ཕ་ཁི་སི་ཐན་གྱི་ཚྭ་དོང་སོགས་ས་གཤིས་ཐོན་ཁུངས་ཕུན་སུམ་ཚོགས་པོ་སྤྱད་དེ་ཚྭ་དོང་མཁའ་རླུང་གནོན་བཙིར་ནུས་གསོག་གློག་ཁང་ལྟ་བུའི་གསར་གཏོད་རྣམ་པའི་བསྐྱར་སྐྱེས་ནུས་རྒྱུའི་བཀོལ་སྤྱོད་མ་ལག་འཛུགས་པའི་རེ་བ་ཡོད་ཅེས་བརྗོད།

    ཁྲང་ཀྲོའུ་ཐེན་ཧོ་འོད་ནུས་མ་རྐང་ཚད་ཡོད་ཀུང་སིར་བསྐྱོད་དེ་ཁྱིམ་ཚང་གི་གློག་སྤྱོད་དགོས་མཁོར་དུས་ཐོག་ཏུ་ལྟ་ཞིབ་བྱེད་པའི་རིག་ལྡན་གློག་ནུས་རེས་མོས་མ་ལག་དང་། མཐའ་སྣེ་སྤྱོད་མཁན་དང་ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་གི་གྲངས་གཞི་མཁོ་འདོན་བྱེད་པའི་རིག་ནུས་གསོག་འཇོག་གྲངས་འཛིན་ཅན་གྱི་ལས་སྟེགས་ལ་དུས་ཐོག་ཏུ་ལྟ་ཞིབ་བྱེད་པ་སོགས་རང་བརྟེན་ཞིབ་སྤེལ་བྱས་པའི་རིག་ལྡན་ནུས་རྒྱུ་གསར་གཏོད་བྱེད་སྟངས་སྣ་ཚོགས་ལས་ཀྲུང་གོའི་འོད་ཤུགས་ཁྱབ་ཁོངས་ཀྱི་ཚན་ཞིབ་གྲུབ་འབྲས་མངོན་ཡོད། གལ་ཏེ་གློག་སྤྱོད་ཚད་མཐོ་ཤོས་སུ་སླེབས་པར་ལྟ་ཞིབ་ཐུབ་ཚེ། མ་ལག་གིས་རིག་ནུས་གསོག་འཇོག་གྲངས་འཛིན་ཅན་གྱི་ལས་སྟེགས་བརྒྱུད་ཉེ་འགྲམ་གྱི་འོད་གློག་སྒྲིག་ཆས་བཀོད་སྒྲིག་བྱས་ནས། གློག་དགོས་མཁོ་ཡོད་པའི་ཁྱིམ་ཚང་ལ་ནུས་རྒྱུ་གཙང་མའི་གློག་མཁོ་འདོན་བྱེད་ཀྱི་ཡོད།

    ཀྲུང་གོར་བཅའ་སྡོད་ཧྥིན་ལན་གཞུང་ཚབ་ཁང་གི་ཚོང་དོན་ཚན་ཙན་དང་ཧྥིན་ལན་གྱི་རྒྱལ་ཁབ་ཚོང་དོན་སྐུལ་སྤེལ་ཅུས་ཀྲུང་གོ་ཁུལ་གྱི་འགན་འཁུར་བ་ཐན་མཱ་ཁེ་ཡིས། ཉི་ནུས་མ་ལག་དང་ནུས་རྒྱུ་ཐོན་སྐྱེད་ཀྱི་ཁྱབ་ཁོངས་སུ་ལག་རྩལ་གསར་གཏོད་གལ་འགངས་ཧ་ཅང་ཆེ་ལ། ནུས་རྒྱུ་ཕྱོགས་སྒྱུར་བྱེད་རིང་ཧྥིན་ལན་གྱིས་ལག་རྩལ་གསར་གཏོད་དང་སྐྱེ་ཁམས་མ་ལག་གསར་གཏོད་ཀྱི་གལ་ཆེའི་རང་བཞིན་ཤེས་པས། ཀྲུང་གོར་སློབ་སྦྱོང་བྱེད་རིན་ཡོད་པའི་གསར་གཏོད་ཀྱི་དཔེ་མཚོན་མང་པོ་འདུག་ཅེས་བརྗོད།

    “འབྱུང་འཕྲོད་འཕེལ་རྒྱས་གཏོང་རིང་ཚན་རྩལ་གསར་གཏོད་གལ་འགངས་ཤིན་ཏུ་ཆེ་བ”

    ཅང་སུའུ་ཡི་མྱུར་བགྲོད་གཞུང་ལམ་དུ་སྐྱོད་སྐབས་ཕར་འགྲོ་ཚུང་འོང་བྱེད་མཁན་རླངས་འཁོར་མི་ཉུང་བ་ཞིག་ནི་ནུས་རྒྱུ་གསར་པའི་རླངས་འཁོར་རེད། ནུས་རྒྱུ་གསར་པའི་རླངས་འཁོར་གཞི་ཁྱོན་དེ་བས་ཆེ་བའི་ངང་ཁྱབ་གདལ་གཏོང་བར་གློག་སྡོང་འཛུགས་སྐྲུན་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། འདི་ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་འདེགས་ཚོང་དོན་ཉོ་ཚོང་ཚོགས་འདུར་ཁྲང་ཀྲོའུ་དབན་པང་གྲངས་འཛིན་ནུས་རྒྱུ་ཀུང་སིའི་གླིང་སྣེའི་འོད་ཟེར་ཆན་ཝ་7གྱི་རིག་ནུས་སྤེལ་རེས་གློག་སྡོང་དང་ཆན་ཝ་6.6གི་ནུས་ཆུང་ཕྱོགས་གཉིས་ཐད་རྒྱུག་གློག་སྡོང་གིས་ལྟ་སྐོར་བ་མང་པོའི་མིག་དབང་བཀུག་ཡོད། ད་ཐེངས་ཀྱི་བྱེད་སྒོར་གློག་སྡོང་དེ་གཉིས་ལ་གཞུང་ཚབ་པ་ཚོའི་དོ་ཁུར་ཐོབ་ཡོད། ས་གནས་ས་ཐོག་གི་ལས་དོན་པས་ངོ་སྤྲོད་བྱས་པར་གཞིགས་ན། གློག་སྡོང་དེ་གཉིས་ཀྱིས་ཁ་ཆད་གློག་གསོག་བྱེད་ཐུབ་པ་མ་ཟད་དུས་ཚོད་དང་ཚད་གཞི་ངེས་ཅན་གྱི་གློག་གསོག་ཐུབ་པ་དང་འབྲེལ་ད་དུང་རླངས་འཁོར་གྱི་གློག་རྫས་ཀྱི་གློག་ནུས་ལྷག་མ་གློག་དྲར་བསྒྱུར་ཆོག་གི་ཡོད།

    “རིག་ནུས་གློག་སྡོང་སྤྱོད་པའི་སྔོན་ཐོན་ལག་རྩལ་ལས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང” ཧྲང་ཧའེ་རུ་བཅའ་སྡོད་ཨོ་སི་ཁྲུ་རི་ཡའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་ཚོང་དོན་ཁེ་སྐྱོང་བ་ཕུའུ་ཧྲི་ཡོན་གྱིས་ཚོང་དོན་འཐུས་མི་ཚོགས་པ་ཁྲིད་ནས་སླར་ཡང་འདིར་ཡོང་སྟེ་རླངས་འཁོར་བཟོ་སྐྲུན་ལས་རིགས་སོགས་ཀྱི་ཕྱོགས་གཉིས་པོའི་ཁེ་ལས་ཀྱིས་མཉམ་ལས་དེ་བས་མང་བ་བྱེད་པར་སྐུལ་འདེད་བཏང་ནས་ཨོ་ཀྲུང་དབར་གྱི་དཔལ་འབྱོར་མཉམ་ལས་ཀྱི་འབྲེལ་ཐག་དམ་དུ་གཏོང་རེ་བྱེད་ཀྱི་ཡོད་ཅེས་བརྗོད།

    “རླངས་འཁོར་དྲ་སྦྲེལ་དང་ཁ་ལོ་བ་མེད་པའི་རླངས་འཁོར་སོགས་ཀྱི་ཁྱབ་ཁོངས་སུ་ཀྲུང་གོ་སྔོན་ལ་སླེབས་ཡོད། ངས་རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱིས་ཁྱབ་ཁོངས་དེ་དག་ཏུ་མཉམ་ལས་གོ་སྐབས་འཚོལ་བའི་ངོས་འཛིན་བྱེད་ཀྱི་ཡོད” ཀྲུང་གོར་བཅའ་སྡོད་སིང་ཀ་ཕོར་གྱི་གཞུང་ཚབ་ཆེ་མོ་ཁང་གི་རིམ་པ་དང་པོའི་དྲུང་ཡིག་ཏེང་ཙེ་ཧའོ་ཡིས། སིང་ཀ་ཕོར་དང་ཀྲུང་གོའི་དབར་གྱི་མཉམ་ལས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། སིང་ཀྲུང་དབར་གྱི་མཉམ་ལས་གསར་སྤེལ་འཛུགས་སྐྲུན་གྱི་སུའུ་ཀྲོའུ་བཟོ་ལས་གླིང་བཙུགས་ནས་ལོ་30འཁོར་བར་བསུ་བ་ཞུ་ཡི་ཡིན། བྱ་སྤྱོད་དེ་ལས་ངས་ཀྲུང་གོའི་ནུས་རྒྱུ་གསར་པའི་ཐོན་ལས་ཤེས་ནས། རྒྱལ་ཁབ་གཉིས་པོའི་ཁེ་ལས་ལ་དེ་བས་ཆེ་བའི་མཉམ་ལས་ཀྱི་བར་མཐོངས་ཡོད་པ་མཐོང་བྱུང་ཞེས་བརྗོད།

    “བྱ་སྤྱོད་དངོས་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་པར་སྣེ་ཁྲིད་རང་བཞིན་གྱི་ལེགས་སྐྱེས་འབུལ་བ”

    2016ལོ་ནས་བཟུང་ཝུའུ་ཧྲན་དང་དེ་བཞིན་གཙང་རྒྱུད་ས་ཁུལ་དུ་སྐྱེ་ཁམས་སླར་གསོ་དང་སྲུང་སྐྱོང་བྱེད་འགོ་བཙུགས་ནས། “བཙོག་ཟིང་ཞན”གསུམ་གྱི་ཁེ་ལས་203སྒོ་བརྒྱབ་སྟེ་ཆུ་ངོགས་སྤྱི་ལེ་5.5མང་དུ་བཏང་བ་དང་ཉམས་གསོ་བྱས་ནས་ཝུའུ་ཧྲན་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་བསྐྲུན་ཡོད། དུས་དེ་ནས་བཟུང་འབྲི་ཆུའི་ཆུ་ངོགས“བཟོ་ལས་ཁུལ”ནས“སྤྲོ་གསེང་ཁུལ”དུ་གྱུར་ཡོད་པ་རེད།

    ཀུང་ཧུའུ་ཝན་འདམ་རའི་སྤྱི་གླིང་དུ་གཞུང་ཚབ་པ་ཚོ་ཁ་ལོ་བ་མེད་པའི་སྤྱི་སྤྱོད་རླངས་འཁོར་དུ་བསྡད་ནས་རང་འགུལ་རླངས་འཁོར་ལ་ཉམས་ལེན་བྱས་པ་དང་། མཉམ་སྤྱོད་རྐང་འཁོར་བཏང་ནས་དེ་གའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་མྱོང་རོལ་བྱེད་ཀྱི་ཡོད། “ང་ཚོས་མཛེས་ལྗོངས་ལ་མྱོང་རོལ་བྱེད་བཞིན་ལོ་འདི་དག་་རིང་ཁོར་ཡུག་བཅོས་སྒྲིག་ཐད་ཀྱི་ཝུའུ་ཤིས་ཀྱི་བྱེད་ཐབས་ལ་ཡང་ཤེས་རྟོགས་བྱས་པ་ཡིན” ཧྲང་ཧའེ་རུ་བཅའ་སྡོད་ཨ་རིའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་ཁེ་སྐྱོང་བ་ཀྲང་ཨན་ཧྲེང་གིས། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་ནུས་རྒྱུ་གཙང་མའི་ཐག་གཅོད་ཇུས་གཞི་སོགས་ཀྱི་ཐད་ཀྲུང་གོ་དང་དེ་བས་གཏིང་ཟབ་ཀྱི་མཉམ་ལས་བྱེད་པའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད།

    ཉེ་བའི་ལོ་ཤས་རིང་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་དང“1+N”ཡི་སྲིད་ཇུས་མ་ལག་ཧུར་ཐག་བསྐྲུན་པ་ནས་དྭངས་གཙང་དང་། ཐཱན་ཉུང་། བདེ་འཇགས། ནུས་ཆེ་བཅས་ཀྱི་ནུས་རྒྱུའི་མ་ལག་ཅིག་ཆགས་པའི་བར་དང། གནམ་གཤིས་ཀྱི་འགྱུར་ལྡོག་གི་ཕྱོགས་མང་འཕེལ་རིམ་ནང་ཧུར་ཐག་ཞུགས་པ་ནས་གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་ལ་གཏིང་ཟབ་ཞུགས་པའི་བར། རྒྱལ་ཁབ་ཁག་དང་མཉམ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཉམས་མྱོང་མཉམ་དུ་སྤྱད་དེ། འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ཐག་གཅོད་ཇུས་གཞི་བཏོན་པ་རེད། ཀྲུང་གོས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་ལམ་ཞིག་འཚོལ་ཞིབ་ཐུབ་པ་མ་ཟད། ད་དུང་གོ་ལ་ཧྲིལ་པོའི་ནུས་རྒྱུ་དང་གནམ་གཤིས་བཅོས་སྐྱོང་ལ་སྒུལ་ཤུགས་ཆེན་པོ་ཡང་བསྣན་ཡོད།

    མོ་དབྱིན·ཧཱ་ཁེ་ཡིས། གནམ་གཤིས་ཀྱི་འགྱུར་ལྡོག་ནི་མིའི་རིགས་ལ་ཕྲད་པའི་ཐུན་མོང་གི་འགྲན་སློང་ཞིག་ཡིན་པས་རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ནས་འབད་བརྩོན་བྱེད་དགོས། ཀྲུང་གོས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་མཐའ་འཁྱོངས་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་གོ་ལ་ཧྲིལ་པོས་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་པར་སྣེ་ཁྲིད་རང་བཞིན་གྱི་ལེགས་སྐྱེས་འབུལ་གྱི་ཡོད། ང་ཚོས་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ཐུན་མོང་སྐུལ་འདེད་གཏོང་དགོས་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།