དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཡར་ཀླུང་ཚོང་འདུས་སྐབས་43པར་ཚོང་འགྲིག་ཚད་དངུལ་འབོར་སྒོར་དུང་ཕྱུར་6.54ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-11

    ཉེ་ཆར། དུས་ཡུན་གཟའ་འཁོར་གཅིག་གི་ལྷོ་ཁ་གྲོང་ཁྱེར་གྱི་ཡར་ཀླུང་ཚོང་འདུས་སྐབས་43པ་དངོས་སུ་གྲོལ་བ་རེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། སྐབས་འདིའི་ཚོང་འདུས་སུ་རིམ་རྩིས་བརྒྱབ་ན་ཚོང་འགྲིག་པའི་དངུལ་འབོར་སྒོར་ཁྲི་65442.31ཟིན་པ་2021ལོ་ལས་7.35%འཕར་ནས་སླར་ཡང་ཟིན་ཐོ་གསར་པ་བཏོད་པ་རེད།

    “དྲ་ཐོག་གྲགས་ཅན”གྱིས་ཐད་གཏོང་ཟོག་ཚོང་བྱས་པ་ནི་སྐབས་འདིའི་ཚོང་འདུས་ཀྱི་བཀྲག་མདངས་འཚེར་ས་ཆེ་ཤོས་ཤིག་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ཚོང་འདུས་སུ་དྲ་ཐོག་ཐད་གཏོང་ཁང་ནས་ཚོང་ཟོག་ཁག་6160ཕྱིར་ཚོང་བྱས་པར་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་1307.83ཟིན་ཏེ་བོད་ཀྱི་ཐོན་རྫས་བོད་ནས་འདོན་པར་སྐུལ་འདེད་ནུས་ལྡན་ཐེབས་ཡོད།

    དེ་དང་ཆབས་ཅིག ལྷོ་ཁ་གྲོང་ཁྱེར་གྱིས་ད་དུང་མ་དངུལ་སྒོར་ཁྲི་700བཏང་སྟེ་འཛད་སྤྱོད་འཛིན་ཤོག་དང་། འཁོར་རིགས་ཉོ་བའི་ཁ་གསབ། ཟོག་སྐྱེལ་ཁ་གསབ་སོགས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། འཛད་སྤྱོད་ཀྱི་མངོན་མེད་སྟོབས་ཤུགས་ཕྱོགས་ཡོངས་ནས་བཏོན་པ་དང་ཁྲོམ་རའི་གསོན་ཤུགས་འཕེལ་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ཐེངས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོར་རིམ་རྩིས་བྱས་ན་འཛད་སྤྱོད་འཛིན་ཤོག་སྒོར་ཁྲི་364.18འཛིན་སྤྱོད་དངུལ་ལེན་བྱས་པ་དེས་འཛད་སྤྱོད་འཛིན་ཤོག་བསྡོམས་འབོར་གྱི་91%ཙམ་ཟིན་ནས་འཛད་སྤྱོད་རིན་ཐང་སྒོར་ཁྲི་2181.94ཟིན་པར་སྐུལ་ཁྲིད་བྱས་པ་དང་། འཁོར་རིགས་འགྲེམས་ཚོང་ལ་ཁྱོན་བསྡོམས་རླངས་འཁོར་36བཙོངས་པར་དངུལ་འབོར་སྒོར་ཁྲི་470.68ཟིན་པ་དང་དངུལ་སྒོར་ཁྲི་47.1ཁ་གསབ་བྱས་པ། ཚོང་ཟོག་ཁག་6160བསྐུར་བར་ཟོག་སྐྱེལ་ཁ་གསབ་དངུལ་སྒོར་ཁྲི་45.65ཙམ་ཟིན་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།