དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ཁྲིམས་བཟོས་ནས་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-12-11

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་བདུན་པའི་ཐོག་བརྡས་ཐག་བཅད་ནས་གྲོས་འཆམ་བྱས་པ་བརྒྱུད། 《མཚོ་སྔོན་ཞིང་ཆེན་གྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ལག་བསྟར་སྲོལ་ཡིག》 2021ལོའི་ཟླ་བཅུ་གཅིག་པ་ནས་བཟུང་དངོས་སུ་ལག་བསྟར་བྱས་པ་རེད།

    སྲོལ་ཡིག་ནང་མཚོ་སྔོན་ཞིང་ཆེན་གྱིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ལག་བསྟར་གྱི་ལས་དོན་གྱི་རྩ་དོན་དང་། གྲོན་དངུལ་འགན་ལེན། རྩ་འཛུགས་མ་ལག ལས་དོན་ལམ་སྲོལ་སྒྲིག་སྲོལ་སོགས་ཀྱི་ནང་དོན་ཞིབ་ཕྲ་ལག་བསྟར་བྱེད་དགོས་པ་ཁ་གསལ་བཏོན་པ་མ་ཟད། རིམ་ལྔའི་ཆུ་དཔོན་དང་མཚོ་དཔོན་མ་ལག་དང་། རིམ་ཁག་ཆུ་དཔོན་དང་མཚོ་དཔོན་དང་ཆུ་དཔོན་མཚོ་དཔོན་ལམ་ལུགས་ཀྱི་གཞུང་དོན་ཁང་། འབྲེལ་ཡོད་འགན་འཁུར་སྡེ་ཚན་གྱི་ལས་ཀའི་འགན་འཁྲི་བཅས་ཁ་གསལ་བཟོས་ཁར་རྒྱུག་ཁུལ་ས་ཁོངས་ཀྱི་མཉམ་འབྲེལ་མཉམ་བཅོས་དང་། ཆ་འཕྲིན་ཅན་འཛུགས་སྐྱོང་། ཆ་འཕྲིན་ཡོངས་བསྒྲགས། སྤྱི་ཚོགས་ལྟ་འདོམས་སོགས་ནང་དོན་གཏན་འཁེལ་ཞིབ་ཕྲ་བྱས་ཡོད།

    མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་གི་འབྲེལ་ཡོད་འགན་འཁུར་བས། སྲོལ་ཡིག་བཏོན་པ་དེས་མཚོ་སྔོན་ཞིང་ཆེན་གྱིས་ཆུའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ཁྲིམས་སྲོལ་ལམ་ལུགས་ཀྱི་འགན་ལེན་གལ་ཆེན་བྱས་ཡོད། གོམ་སྟབས་རྗེས་མར། སྲོལ་ཡིག་གི་གཏན་འབེབས་ནང་དོན་གཞིར་བཟུང་། ས་གནས་ཁག་གི་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཆུའི་ཐོན་ཁུངས་སྲུང་སྐྱོང་དང་། ཆུ་ཁོངས་དོ་དམ་དང་སྲུང་སྐྱོང་། ཆུ་སྦགས་བཙོག་འགོག་བཅོས། ཆུའི་སྐྱེ་ཁམས་སླར་གསོ་སོགས་ལས་དོན་གྱི་ལས་འགན་དོན་འཁྱོལ་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།