དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཟི་ལིང་གིས་ཀྲུང་ལུགས་སྨན་རྫས་ལ་བརྟེན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་བཅོས་ལས་དོན་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-12-11

    མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་11ཚེས་8ཉིན་གསར་འགོད་པར་ཟི་ལིང་གྲོང་ཁྱེར་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར། རེས་སྐོར་འདིའི་རིམས་ནད་ཐོན་པ་ནས་བཟུང་། 《ཏོག་གསར་ནད་དུག་གློ་ཚད་ནད་བརྟག་སྨན་བཅོས་ཇུས་གཞི(པར་གཞི་བརྒྱད་པ)》སོགས་ཀྱི་བླང་བྱ་ལྟར་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་རིགས་གཅིག་མཁས་ཅན་གྱི་མཛུབ་སྟོན་འོག་ཟི་ལིང་གྲོང་ཁྱེར་གྱིས་ཏོག་གསར་རིམས་ནད་སྔོན་འགོག་ཁྲོད་ཀྱི་ཀྲུང་ལུགས་སྨན་རྫས་ཀྱི་ཁྱད་ལྡན་ལེགས་ཆ་མུ་མཐུད་བཏོན་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་སྨན་བཅོས་ལས་དོན་ལ་རམ་འདེགས་བྱས་པ་རེད།

    རིམ་རྩིས་བྱས་ན། ཀྲུང་ལུགས་སྨན་རྫས་55243སྤྲད་པའི་ནང་ཀྲུང་ལུགས་ཐང་སྨན་40370དང་། ཀྲུང་ལུགས་ཐུམ་སྒྲིལ་སྨན་11860ཀྲུང་ལུགས་སྨན་སྒམ་ཆུང་1451སྨན་རིལ་བུ་1472སོགས་སྤྲད་ཡོད།

    ཟི་ལིང་གྲོང་ཁྱེར་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུས་ད་དུང་ཀྲུང་ལུགས་རིགས་གཅིག་མཁས་ཅན་སྐོར་སྐྱོད་སྨན་བཅོས་ཚོགས་ཆུང་བཙུགས་ཏེ། དུས་བཀག་ལྟར་ལོགས་འཇོག་བྱ་ཡུལ་དང་ལྟ་འདོམས་སྡེ་ཁུལ་དུ་བསྐྱོད་ནས་ཐང་སྨན་བཏུང་མཁན་མི་སྣའི་གནས་ཚུལ་དང་དེ་བཞིན་ཀྲུང་ལུགས་སྨན་བཏང་རྗེས་འཕྲོད་མིན་སྐོར་ཤེས་རྟོགས་བྱས་པ་རེད། རིམ་རྩིས་བྱས་པར་གཞིགས་ན། མི་ཐེངས་གྲངས་48270ལ་སྨན་བཅོས་བྱས་ནས་ཀྲུང་ལུགས་སྨན་རྫས་ཀྱིས་ཏོག་གསར་རིམས་ནད་འགོག་པའི་ལས་དོན་ལ་ཕན་ནུས་ཏན་ཏིག་ཐོན་པ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།